མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྷོ་ཁོ་རེ་ཡའི་སྤྱི་ཚོགས་ལས་རིགས་ཁག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མིང་བཀོད་རྩོམ་ཡིག་ལ་གདེང་འཇོག་མཐོན་པོ་བྱས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-04 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་གནང་བའི་སྐབས་འདིར། ལྷོ་ཁོ་རེ་ཡའི་ཚགས་པར་ཁང་གཙོ་བོ་ཆེན་པོ་གསུམ་གྱིས་སྤྱི་ཚེས་3ཉིན་དུས་གཅིག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་བརྗོད་དུ་མཉམ་དུ་མདུན་སྐྱོད་བྱེད་ཅེས་པའི་མིང་བཀོད་རྩོམ་ཡིག་སྤེལ་ཡོད། ལྷོ་ཁོ་རེ་ཡའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་རྩོམ་ཡིག་གིས་རྒྱལ་ཁབ་གཉིས་པོའི་བར་གྱི་ཐུན་མོང་ངོས་འཛིན་རྒྱ་ཆེར་གཏོང་རྒྱུར་གལ་ཆེའི་དོན་སྙིན་ལྡན་ཡོད་པ་དང་། ཕྱོགས་གཉིས་འབྲེལ་བ་སྔར་བས་གོང་འཕེལ་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

ལྷོ་ཁོ་རེ་ཡའི་ཁྲང་ཅུན་གོན་སློབ་གྲྭ་ཆེན་མོའི་ཀྲུང་གོའི་ཞིབ་འཇུག་ཁང་གི་འགོ་འཛིན་ལི་ཤི་ཡུས་ཀྱིས་མཉམ་དུ་མདུན་སྐྱོད་བྱེད་ཅེས་པར་དོན་སྙིང་གལ་ཆེན་ལྡན་ཡོད།

གཅིག་ནས་ལྷོ་ཁོ་རེ་ཡ་དང་ཀྲུང་གོའ་འབྲེལ་བ་ཡག་པོ་ཡོད་པའི་དུས་གནས་ཡོད་པས། མཉམ་དུ་མདུན་སྐྱོད་ཅེས་བྱེད་པས་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བར་ངོ་བོའི་རང་བཞིན་གྱི་གོང་འཕེལ་བྱུང་བ་མཚོན་གྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་རྩོམ་ཡིག་གིས་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་སྔར་ལས་ལྷག་པ་གཏོང་རྒྱུའི་དགོངས་དོན་མཚོན་པར་བྱས་ཡོད་ཅེས་གསུངས་ཡོད།

ལྷོ་ཁོ་རེ་ཡའི་དེང་རབས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་པ་ཧན་ཙའེ་ཀྲེན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཀོད་རྩོམ་ཡིག་སྤེལ་གནང་བ་དེས་ལྷོ་ཁོ་རེ་ཡའི་མང་ཚོགས་ཀྱི་ངོས་ནས་བཤད་ཚེ་གཏམ་བཟང་ཞིག་ཡིན་པ་དང་། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་སྐད་ཆ་ཤོད་རེས་བྱེད་པ་ཙམ་མ་ཡིན་པར། ཀྲུང་གོའི་འགོ་ཁྲིད་ནས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་སྤེལ་རེས་ཀྱི་ཐད་ལའང་མཐོང་ཆེན་པོ་གནང་གི་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡར་མང་ཚོགས་ཚུད་པའི་སྤེལ་རེས་དང་། འབྲེལ་གཏུག སྐད་ཆ་ཤོད་རེས་ཀྱི་ཕྱི་འབྲེལ་བཅས་ཀྱི་དཔེ་མཚོན་གཏོད་ཡོད་པ་མྱོང་ཚོར་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།

ལྷོ་ཁོ་རེ་ཡའི་ཨེ་ཧྲན་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཅིན་ཧན་ཆོན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩོམ་ཡིག་གནང་གསུངས་པ་ལྟར། དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་ནི་སྔ་བར་ཕྱི་གསུམ་དུ་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བའི་ཁྱད་ཆོས་ཤིག་ཡིན་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་སྒུལ་བྱེད་འཕྲུལ་འཁོར་ཞིག་ཡིན་པ་དང་། སྤྱི་ལོ་2013ལོར་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་བསྡོམས་གྲངས་ཨ་སྒོར་དུང་ཕྱུར་2750ཙམ་ཟིན་ཡོད། གལ་ཏེ་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་རང་མོས་ཉོ་ཚོང་གྲོས་ཆོད་ལ་བདེ་བླག་ངང་མིང་རྟགས་བཀོད་ཐུབ་ཚེ། རྒྱལ་ཁབ་གཉིས་པོའི་ཉོ་ཚོང་འགྲོ་འོང་གི་མདུན་ལྗོངས་སྔར་ལས་ལྷག་པ་ཡོང་ཐུབ་ཅེས་གསུངས་པ་རེད།

ཧྲའུ་འར་གྲོང་ཁྱེར་སྲིད་གཞུང་གི་གཞུང་དོན་པ་ཧན་ན་ལིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩོམ་ཡིག་ནང་ཧན་ཅང་གི་ངོ་མཚར་གཉིས་པ་ཞེས་པ་དང་ཀྲུང་གོའི་ཕུགས་འདུན་སྐོར་གླེང་བར་མྱོང་ཚོར་ཟབ་མོ་བྱུང་། ལྷོ་ཁོ་རེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་ནི་ས་མཚམས་འབྲེལ་ཞིང་། མི་སྣའི་འབྲེལ་བ་ཡག་པོ་ཡོད་པས་རྒྱལ་ཁབ་གཉིས་པོའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པ་དང་བསྟུན་ནས། རྒྱལ་ཁབ་གཉིས་པོའི་མང་ཚོགས་བར་ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་འགྲོ་ངེས་ཡིན་པའི་རྣམ་པ་བསྟན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག