མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ལྷོ་ཁོ་རེ་ཡས་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་དེ་ཧྲའུ་འར་རུ་མི་དམངས་ཤོག་སྒོར་མཇུག་རྩིས་རྒྱག་ས་འཛུགས་རྒྱུའི་བཀོད་སྒྲིག་གནང་བ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-04 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་དངུལ་ཁང་དང་ལྷོ་ཁོ་རེ་ཡའི་དངུལ་ཁང་གིས་སྤྱི་ཚེས་3ཉིན་ཧྲའུ་འར་རུ་ཧྲའུ་འར་ཡི་མི་དམངས་ཤོག་སྒོར་མཇུག་རྩིས་རྒྱག་ས་འཛུགས་རྒྱུ་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་གནང་ཡོད། ཉིན་དེ་གར་རྒྱལ་ཁབ་གཉིས་པོས་མིང་རྟགས་བཀོད་པའི་མཉམ་འབྲེལ་གསལ་བསྒྲགས་ནང་། ཕྱོགས་གཉིས་པོས་མི་དམངས་ཤོག་སྒོར་དང་ལྷོ་ཁོ་རེ་ཡའི་སྒོར་མོ་ཐད་ཀར་བརྗེ་རེས་བྱེད་པའི་སྒྲིག་གཞི་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ལྷོ་ཁོ་རེ་ཡའི་ཧྲའུ་འར་རུ་མི་དམངས་ཤོག་སྒོར་གྱི་མཇུག་རྩིས་རྒྱག་ས་འཛུགས་རྒྱུའི་བཀོད་སྒྲིག་ལ་མོས་མཐུན་གནང་ཡོད། ཀྲུང་གོའི་ཕྱོགས་ནས་ད་དུང་ལྷོ་ཁོ་རེ་ཡའི་ཕྱོགས་ལ་ ཚད་གཞི་ལོན་པའི་མངའ་ཁོངས་ཕྱི་རོལ་ལས་ཁུངས་ཀྱི་མ་འཇོག་བྱེད་མཁན་ལ་གྲངས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་800སྤྲོད་རྒྱུའི་མོས་མཐུས་བྱས་ཡོད། ལས་རིགས་ནང་ཁུལ་མི་སྣས་ཕྱོགས་གཉིས་པོས་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་དེ་ནི་ཧྲའུ་འར་རུ་མི་དམངས་ཤོག་སྒོར་རྒྱལ་ཁོངས་ལས་གྲོལ་བའི་ལྟེ་གནས་འཛུགས་རྒྱུར་གལ་ཆེའི་གོམ་པ་གང་སྤོས་པ་ཞིག་ཡིན་པ་དང་། དེར་རྒྱལ་ཁབ་གཉིས་པོས་དུས་བཀག་ལྟར་ཕྱོགས་གཉིས་ཉོ་ཚོང་གྲངས་འབོར་སྤྱི་ལོ་2014ལོར་ཨ་སྒོར་དུང་ཕྱུར་3000ཟིན་པའི་དམིགས་འབེན་མངོན་འགྱུར་ཡོང་བར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག