ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅཱ་ཧྲ་ས་ཁུལ་ཚོད་འཛིན་བྱེད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཧཱ་མཱ་སི་ཡིས་མིག་སྔའི་དུས་རིམ་ནང་དབྱི་སི་རལ་བར་གཞི་རྒྱ་ཆེ་བའི་འཁྲུག་རྩོད་བྱེད་འདོད་མེད་ཟེར།
ཧཱ་མཱ་སིའི་མགྲིན་ཚབ་པ་ཙུའུ་ཧི་ལི་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱིས་མིག་སྔར་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཇེ་སྡུག་ཏུ་སོང་བར་འགན་འཁུར་དགོས་ཟེར། ཙུའུ་ཧི་ལི་ཡིས་བསྟན་དོན། ཧཱ་མཱ་སི་ཡིས་མིག་སྔའི་དུས་རིམ་ནང་དབྱི་སི་རལ་བར་གཞི་རྒྱ་ཆེ་བའི་འཁྲུག་རྩོད་བྱེད་འདོད་ཡོད་ཟེར། ཡིན་ཡང་ཁོས་ནན་གྱིས་བསྟན་དོན། ཧཱ་མཱ་སི་ཡིས་དུས་ངེས་མེད་དུ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དཔུང་འཇུག་བྱེད་པར་བཀག་འགོག་བྱེད་པའི་གྲ་སྒྲིག་བྱས་ཡོད་ཟེར། །