མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་སྐོར་ཐེངས་དྲུག་པའི་གྲོས་མོལ་ཝེ་ཡེ་ནཱ་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-03 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་སྐོར་ཐེངས་དྲུག་པའི་གྲོས་མོལ་ཚེས་གཉིས་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་ཚོགས།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་གྲོས་མོལ་མགོ་མ་བརྩམས་གོང་གི་བརྙན་རིས་ཤིག་ལས་བསྟན་དོན། མ་འོངས་པའི་གཟའ་འཁོར་གསུམ་གྱི་ནང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་ལོ་རྒྱུས་གསར་སྐྲུན་བྱེད་པ་དང་། དགོས་མེད་ཀྱི་ཉམས་ཉེན་ཞིག་མཇུག་སྒྲིལ་བའི་གོ་སྐབས་ཡོད། དབྱི་ལིང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཟླ་བདུན་པའི་ཚེས་ཉི་ཤུའི་སྔོན་ལ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་གྲོས་མཐུན་འགོད་པར་བརྩོན་བཞིན་ཡོད་ཟེར། ཁོས་ཞོར་དུ་བསྟན་དོན། བཀག་སྡོམ་བྱེད་ཐབས་དེས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གནད་དོན་ཐད་ཀྱི་ཁེ་ཕན་བསྐྱུར་དུ་འཇུག་ཐབས་མེད་ཟེར།

ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་དང་ཀྲ་ལི་ཧྥུའུ། ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་པའོ་ཨིན་སི་བཅས་ཀྱིས་གྲོས་མོལ་བྱས།

དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་ན་ནིང་ཟླ་བཅུ་གཅིག་པར་རི་ནེ་ཝ་ནས་བཀོད་པའི་གྲོས་མཐུན་དེ་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་དུས་ཡུན་ལོངས་པ་ཡིན་པས། མ་འོངས་པའི་གཟའ་འཁོར་གསུམ་ཙམ་གྱི་དུས་ཚོད་ནི་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་ཞི་བའི་སྒོ་ནས་ཐག་གཅོད་ཐུབ་མིན་གྱི་གནད་འགག་གི་དུས་སྐབས་ཡིན་པ་རེད།

ན་ནིང་ཟླ་བཅུ་གཅིག་པར་རི་ནེ་ཝ་ནས་བཀོད་པའི་ཐུན་མོང་འགུལ་སྐྱོད་འཆར་གཞི་ལྟར་ན། དབྱི་ལིང་གིས་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་ནས་ཟླ་བདུན་པའི་ཚེས་ཉི་ཤུའི་བར་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་འགུལ་གཙོ་བོ་ཁག་ཅིག་མཚམས་འཇོག་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དགོས་ངེས་ཀྱིས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་སྐོར་ཞིག་ཇེ་ཡང་དུ་གཏོང་རྒྱུ་ཡིན་ལ། ཕྱོགས་སོ་སོས་ཟླ་ངོ་དྲུག་པོ་དེའི་ནང་ཕྱོགས་ཡོངས་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་གྲོས་མཐུན་འགོད་པར་ཕྱི་འབྲེལ་ཐད་ནས་འབད་བརྩོན་བྱེད་བཞིན་ཡོད།

སྐོར་ཐེངས་སྔོན་མའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་གྲུབ་འབྲས་ངེས་ཅན་ཐོབ་པ་དང་། ཐུན་མོང་ཡིག་ཆའི་སྒྲོམ་གཞི་བཏོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག