མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པཱ་ནཱ་མཱའི་ཙུང་ཐུང་གསར་བས་དམ་བཅའ་བཞག་སྟེ་ལས་འགན་དངོས་སུ་ཁུར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-02 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པཱ་ནཱ་མཱའི་གསར་དུ་བདམས་པའི་ཙུང་ཐུང་པཱ་ལོས་ལཱ་ཡིས་ཟླ་བདུན་པའི་ཚེས་གཅིག་ཉིན་པཱ་ནཱ་མཱའི་མཁར་ནས་དམ་བཅའ་བཞག་སྟེ་དངོས་སུ་ལས་འགན་ཁུར་བ་དང་། དེའི་ཙུང་ཐུང་གི་འགན་ཡུན་ལོ་ངོ་ལྔ་རེད།

ཙུང་ཐུང་གིས་ལས་འགན་ཁུར་བའི་མཛད་སྒོ་དེ་ཉིན་དེའི་ཕྱི་དྲོའི་དུས་ཚོད་གཅིག་ཡས་མས་སུ་ལོ་མེ་ཨར་ཧྥེ་ཨར་ནན་ཏི་སི་རྒྱལ་ཁབ་ལུས་རྩལ་ར་བ་ནས་སྤེལ། པཱ་ལོས་ལཱ་ཡིས་པཱ་ནཱ་མཱའི་གྲོས་དཔོན་པཱ་ཨར་ཏི་ལཱ་མཱ་ཡི་ལག་ནས་ཙུང་ཐུང་གི་སྐེགས་འཆང་བླངས་ཏེ་དམ་བཅའ་བཞག་ནས་ལས་འགན་ཁུར། ཁོ་དང་མཉམ་དུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་མཁན་ལ་ད་རུང་ཙུང་ཐུང་གཞོན་པ་དབྱེ་ཧྲ་པེ་ཨར་མཱ་ལོ་ཡང་ཡོད།

པཱ་ལོས་ལཱ་ཡིས་དེའི་རྗེས་ཀྱི་ལས་འགན་ཁུར་བའི་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན། ཁོས་རང་གི་འགན་ཡུན་ནང་འགྲན་རྩོད་སྐབས་ཀྱི་དམ་བཅའ་ལག་བསྟར་བྱས་ཏེ། དམངས་གཙོའི་ལམ་ལུགས་སྲ་བརྟན་དུ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་མ་ཟད། དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

སི་ཕན་གྱི་དབུ་བཞུགས་བློན་ཆེན་ལཱ་ཧའོ་དབྱེ་དང་། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ། མེ་གླིང་དབུས་མའི་རྒྱལ་ཁབ་མང་ཤོས་ཀྱི་ཙུང་ཐུང་། དེ་མིན་རྒྱལ་ཁབ་དང་ས་ཁུལ་གཞན་པའི་མཐོ་རིམ་འཐུས་མི་སོགས་ཙུང་ཐུང་གིས་ལས་འགན་ཁུར་བའི་མཛད་སྒོར་ཞུགས།

ཟླ་ལྔ་བའི་ཚེས་བཞི་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད། པཱ་ནཱ་མཱའི་རིང་ལུགས་ཏང་གི་མགོ་ཁྲིད་པ་པཱ་ལོས་ལཱ་ལ་བརྒྱ་ཆའི་སོ་དགུ་ལྷག་གི་འདེམ་ཤོག་ཐོབ་ནས་པཱ་ནཱ་མཱའི་སྐབས་གསར་བའི་ཙུང་ཐུང་དུ་བདམས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག