མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་དྲག་ཆས་འཁྲུག་རྩོད་ཁྲོད་བྱིས་པའི་དམག་བསྡུ་བའི་སྣང་ཚུལ་སྔར་བཞིན་ཡོད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-02 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་དྲུང་ཡིག་ཆེན་མོའི་བྱིས་པ་དང་དྲག་ཆས་འཁྲུག་རྩོད་སྐོར་གྱི་ལོ་ཧྲིལ་བོའི་སྙན་ཞུའི་ནང་བཤད་རྒྱུར། དྲག་ཆས་འཁྲུག་རྩོད་ཁྲོད་བྱིས་པའི་དམག་བསྡུ་བ་དང་། བྱིས་པའི་ཁེ་དབང་ལ་གནོད་པ་བཟོས་ཀྱང་ཆོད་མི་ཐེབས་པའི་སྣང་ཚུལ་སྔར་བཞིན་གནས་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། ཉིས་སྟོང་བཅུ་གསུམ་ལོར། རྒྱལ་ཁབ་ཉི་ཤུ་ལྷག་གིས་འཁྲུག་རྩོད་བྱེད་སྐབས་བྱིས་པའི་དམག་བསྡུ་བ་དང་། བྱིས་པ་དམར་གསོད་གཏོང་བ། དབང་བོ་སྐྱོན་ཅན་དུ་བྱེད་པ། ལོག་གཡེམ་གྱི་གནོད་པ་ཐེབས་པ། སློབ་གྲྭ་དང་སྨན་ཁང་ལ་དཔུང་འཇུག་བྱེད་པ་སོགས་སྣང་ཚུལ་སྔར་བཞིན་ཡོད། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་དང་། སུའུ་ཏན་ལྷོ་མ། སི་རི་ཡཱ། དབྱི་རག་སོགས་རྒྱལ་ཁབ་བཅུ་ལྷག་གི་ཁྲོད་སྲིད་གཞུང་དམག་དཔུང་རུ་ཁག་བདུན་དང་དྲག་ཆས་ཚོགས་ཁག་ལྔ་བཅུ་ལྷག་གིས་བྱིས་པའི་དམག་བསྡུས་ཏེ་བེད་སྤྱོད་བྱས་མྱོང་ཟེར།

སྙན་ཞུ་ལས་ད་རུང་དྲག་ཆས་འཁྲུག་རྩོད་ཁྲོད་བྱིས་པའི་ཁེ་དབང་ལ་གནོད་པ་བཟོ་བའི་བྱ་སྤྱོད་ཡོད་པའི་རྩ་འཛུགས་ཀྱི་མིང་ཐོ་ཁྱབ་སྒྲོག་བྱས་པ་དང་། དེའི་ནང་ནེ་ཀྲི་རི་ཡཱའི་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ཡོད། སྙན་ཞུ་ལས་ད་རུང་དགའ་འོས་པའི་འགྱུར་ལྡོག་ཅིག་ནི་ཀྲ་ཏི་དྲག་ཆས་དམག་དཔུང་གིས་ཉིས་སྟོང་བཅུ་གསུམ་ལོར་འབྲེལ་ཡོད་འགུལ་སྐྱོད་འཆར་གཞི་བརྩི་སྲུང་བྱས་པ་དང་། བྱིས་པའི་དམག་མ་བསྡུས་པས་མིང་ཐོའི་ཁྲོད་ནས་བླངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག