ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། འཐབ་འཁྲུག་གི་དཀའ་སྡུག་མྱོང་བཞིན་པའི་དབྱི་རག་མི་དམངས་ལ་མེ་སྒོར་དུང་ཕྱུར་ལྔའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་བཤད་རྒྱུར། རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བརྒྱུད་དེ་འཐབ་འཁྲུག་གི་དཀའ་སྡུག་མྱོང་བཞིན་པའི་དབྱི་རག་མི་དམངས་ལ་མེ་སྒོར་དུང་ཕྱུར་ལྔའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་བཀའ་རྒྱ་བཏང་ཟེར།
དབྱི་རག་གི་ཐལ་སྤྱོད་རྩ་འཛུགས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་དེའི་རྒྱབ་སྐྱོར་མཁན་གྱིས་ཟླ་དྲུག་པའི་ཟླ་མགོ་ནས་བཟུང་། དབྱི་རག་གི་སྲིད་གཞུང་དམག་དཔུང་བར་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་སོང་བའི་དབང་གིས་དབྱི་རག་གི་མི་ས་ཡ་ལྷག་འཐབ་འཁྲུག་ལ་ཡོལ་ཆེད་རང་གི་ཁྱིམ་གཞིས་དང་ཁ་བྲལ་ཡོད་ཟེར།
དབྱི་རག་སྲིད་གཞུང་གི་ཙུང་ལི་མཱ་ལེ་ཅི་ཡིས་སོ་ཏི་ཨ་རབ་ཀྱིས་ལྐོག་ནས་དབྱི་རག་གི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་རྒྱབ་སྐྱོར་བྱས་པར་སྐྱོན་འཛུགས་བྱས་ཀྱང་། སོ་ཏི་ཨ་རབ་ཀྱིས་དབྱི་རག་གི་ཟང་ཟིང་ཆེ་བའི་རྣམ་པ་དེ་མཱ་ལེ་ཅི་ཡིས་ལག་བསྟར་བྱས་པའི་ཞོང་ནེ་ཕྱོགས་ཁག་ཕར་གཅོད་པའི་སྲིད་ཇུས་ལས་བྱུང་བ་རེད་ཟེར། །