མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་མཱ་སིའི་དཔོན་རིགས་ཀྱིས་མཉམ་འབྲེལ་སྲིད་གཞུང་གི་ཅཱ་ཧྲ་ས་ཁུལ་གྱི་པུའུ་ཀྲང་བཞི་ཡིས་ལས་འགན་བསྐྱུར་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-01 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དཔོན་རིགས་ཀྱིས་ཚེས་ཉེར་དགུའི་ཉིན་མཉམ་འབྲེལ་སྲིད་གཞུང་གི་ཅཱ་ཧྲ་ས་ཁུལ་གྱི་པུའུ་ཀྲང་བཞི་ཡིས་ལས་འགན་བསྐྱུར་ཏེ། མཉམ་འབྲེལ་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་གཞུང་ཞབས་པའི་ཟླ་ཕོགས་ཆད་ལ་བཞག་པར་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧཱ་མཱ་སིའི་མཐོ་རིམ་དཔོན་པོ། ཕཱ་ལེ་སི་ཐན་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མུའུ་སཱ་ཡིས་ཉིན་དེར་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་ཙུང་ལི་ཧཱ་མུའུ་ཏཱ་ལཱ་ཡིས་ཧཱ་མཱ་སིའི་མི་དང་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧི་ཡི་མི་སྣར་ལྟ་ཚུལ་མི་འདྲ་བ་བཟུང་ནས་ཅཱ་ཧྲ་ས་ཁུལ་དང་ཅཱ་ཧྲ་མི་དམངས་ཀྱི་བདེ་སྐྱིད་སྣང་མེད་དུ་བསྐྱུར་བར་སྐྱོན་འཛུགས་བྱས།

ཧྥ་ཐཱ་ཧི་དང་ཧཱ་མཱ་སི་ཡིས་ཟླ་དྲུག་པའི་ཟླ་མགོར་ཕཱ་ལེ་སི་ཐན་གྱི་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་བཙུགས་ཏེ། ལོ་ངོ་བདུན་ལྷག་འགོར་བའི་ཕཱ་ལེ་སི་ཐན་ནང་ཁུལ་གྱི་ཁ་བྲལ་གནས་བབ་མཇུག་སྒྲིལ་དུ་བཅུག ཡིན་ན་ཡང་སྲིད་གཞུང་གསར་བ་བཙུགས་ནས་ཅང་མ་འགོར་བར་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་གཞུང་ཞབས་པའི་ཟླ་ཕོགས་གནད་དོན་དེ་ཉམས་ཉེན་གྱི་གནས་སུ་ལྷུང་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། དེའི་སྔོན་བཀོད་པའི་གྲོས་མཐུན་ལྟར་ན། སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་གཞུང་ཞབས་པ་ཁྲི་ལྔ་ཡི་ཟླ་ཕོགས་སྟེར་བར་འགན་འཁུར་དགོས་ཀྱང་། མཉམ་འབྲེལ་སྲིད་གཞུང་གིས་ཧཱ་མཱ་སིའི་གཞུང་ཞབས་པའི་ཐོབ་ཐང་དང་ནོར་སྲིད་ཀྱི་འགྲོ་སོང་ཆེ་བ་རྒྱུ་མཚན་དུ་བྱས་ཏེ། ཧཱ་མཱ་སིའི་གཞུང་ཞབས་པའི་ཟླ་ཕོགས་འགོར་འགྱངས་བྱས་པ་རེད། ཕྱོགས་གཞན་ཞིག་ནས་མཉམ་འབྲེལ་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་ཧྥ་ཐཱ་ཧིའི་གཞུང་ཞབས་པའི་ཟླ་ཕོགས་སྔར་བཞིན་མུ་མཐུད་དུ་སྟེར་བཞིན་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག