ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དུས་ཚོད་དོན་གཉིས་ཀྱིས་ཇེ་རིང་དུ་བཏང་སྟེ། དམངས་ཁྲོད་དྲག་ཆས་པས་ཡུན་ཚད་དེའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱིས་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་བཏོན་པའི་རེ་བ་ལག་བསྟར་བྱེད་མིན་ལ་ལྟ་ཞིབ་བྱེད་རྒྱུ་ཡིན་ཟེར།
ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་ཨུ་རུ་སི་ཡིས་ཉིན་གསུམ་གྱི་ནང་ཐབས་བརྒྱ་ཇུས་སྟོང་གིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་མ་བཏང་ན། ཨུ་རུ་སི་ལ་སྔར་ལས་ལྷག་པའི་སྒོ་ནས་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། །