མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པ་བཞི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཕྱིར་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-30 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པ་བཞི་ཉིན་དེར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཕྱིར་བཏང་ཟེར།

ཏོན་ནེ་ཚི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་པའོ་ལོ་ཏའེ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པ་བཞི་ཉིན་དེར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཕྱིར་བཏང་བ་དང་། དེ་སྔོན་བཀག་འཇུག་བྱས་པའི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པ་བརྒྱད་པོ་ཚང་མ་ཕྱིར་བཏང་བ་རེད་ཟེར།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཚེས་ཉེར་བརྒྱད་ཉིན་རྩ་འཛུགས་དེའི་ལྟ་ཞིབ་པ་བཞི་ཉིན་དེར་ཝུའུ་ཁི་ལན་ནས་ཕྱིར་བཏང་བའི་གནས་ཚུལ་ལ་བདེན་དཔང་བྱས།

ཝུའུ་ཁི་ལན་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་ཉེར་དྲུག་ཉིན། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པ་བཞི་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་གྲོང་ཁྱེར་ནས་ཕྱིར་བཏང་བ་རེད། ལྟ་ཞིབ་པ་དེ་བཞི་བོ་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་ཏོན་ནེ་ཚི་ཁི་ཀྲིག་ནས་དམངས་ཁྲོད་དྲག་ཆས་པས་བཀག་འཇུག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག