མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་རྒྱལ་སའི་ཉེ་འདབས་ནས་འཁྲུག་རྩོད་དོན་རྐྱེན་བྱུང་སྟེ་བདེ་འཇགས་དམག་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-30 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཉེན་རྟོག་མི་སྣས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་རྒྱལ་ས་པཱ་ཀ་ཏཱའི་ལྷོ་ཕྱོགས་ཀྱི་པཱ་པུས་ལོན་ཞིང་ཆེན་གྱི་བྱང་ངོས་ས་ཁུལ་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་དང་འཁྲུག་རྩོད་བྱས་ཏེ། བདེ་འཇགས་དམག་དཔུང་གི་ཁོངས་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་ཟེར།

པཱ་པུས་ལོན་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཞིང་ཆེན་དེའི་པཱ་ཀ་ཏཱ་དང་བར་ཐག་སྤྱི་ལེ་ལྔ་བཅུ་ལས་མེད་པའི་ལཱ་ཞི་ཏི་གྲོང་རྡལ་དང་མཱ་ཧཱ་མའོ་ཏིས་ཡེ་གྲོང་རྡལ། ཀྲུའུ་ཨར་ཧྥུའུ་སེ་ཧི་ཨར་གྲོང་རྡལ་ནས། བདེ་འཇགས་དམག་དཔུང་གིས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་བཅས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་བར་འཁྲུག་རྩོད་བྱས། བདེ་འཇགས་དམག་དཔུང་གི་དམག་མི་ཉེར་ལྔ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཉིས་ལ་རྨས་ཕོག སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་མི་བཅུ་ཕྲག་འགའ་ལའང་ཤི་རྨས་ཐེབས་ཡོད་ཟེར།

གོང་གི་གྲོང་རྡལ་དེ་གསུམ་ནི་པཱ་པུས་ལོན་ཞིང་ཆེན་བྱང་ཕྱོགས་ཀྱི་གཏན་འཇགས་མིན་པའི་གནས་སུ་ཡོད་པ་དང་། དུས་རྒྱུན་དྲག་ཆས་འཁྲུག་རྩོད་དོན་རྐྱེན་འབྱུང་གིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག