མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་བཀོད་པར་ངོ་རྒོལ་བྱེད་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-28 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ཀྱི་ལྷག་མའི་ནང་དོན་ཐད་ནས་གྲོས་མཐུན་བཀོད་རྗེས། ཨུ་རུ་སི་ཡིས་རྒྱལ་ཁབ་རང་གི་དཔལ་འབྱོར་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། ཕའེ་སི་ཁི་ཧྥུའུ་ཡིས་བྱེད་ཐབས་དེའི་བྱེ་བྲག་གི་ནང་དོན་གསལ་བོར་མ་བཤད།

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། ཝུའུ་ཁི་ལན་སོགས་རྒྱལ་ཁབ་གསུམ་གྱིས་ཡོ་རོབ་གླིང་མནའ་འབྲེལ་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་པའི་དབང་ཆ་ཡོད་ཀྱང་། གྲོས་ཆོད་ནུས་ལྡན་དུ་གྱུར་རྗེས་ཨུ་རུ་སིའི་དཔལ་འབྱོར་ལ་གནོད་པ་ཐེབས་པའི་སྣང་ཚུལ་འདྲ་བྱུང་ན། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་ཁབ་རང་གི་དཔལ་འབྱོར་ལ་སྲུང་སྐྱོབ་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱོད་ངེས་ཡིན་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཐེངས་མང་བོར་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱི་བྱེད་ཐབས་དེ་གྲོས་ཆོད་ལ་དམིགས་པ་མིན་པར་དེ་ཨུ་རུ་སིའི་ཚོང་རར་ཐེབས་སྲིད་པའི་གནོད་པར་དམིགས་པ་ཡིན་ལ། ཡོད་ཚད་གྲོས་ཆོད་དེར་ཆོག་མཆན་བཀོད་ནས་ནུས་ལྡན་དུ་གྱུར་རྗེས་ལག་བསྟར་བྱས་པའི་གནས་ཚུལ་ལ་རག་ལས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག