མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀི་ལུའུ་ཅི་ཡཱ་དང་མའོ་ཨར་ཏའོ་ཝ། ཝུའུ་ཁི་ལན་བཅས་རྒྱལ་ཁབ་གསུམ་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་བཀོད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-28 10:48

欧盟与格摩乌三国签署联系国协定1.jpg

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་དང་། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི། ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ལི་པཱ་ཧྲི་ཝེ་ལེ། མའོ་ཨར་ཏའོ་ཝའི་ཙུང་ལི་ལེ་ཨན་ཁི་བཅས་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས།

欧盟与格摩乌三国签署联系国协定2.jpg

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་གིས་གྲོས་ཆོད་འགོད་པའི་མཛད་སྒོའི་སྟེང་གཏམ་བཤད།

欧盟与格摩乌三国签署联系国协定3.jpg

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་གྲོས་ཆོད་འགོད་པའི་མཛད་སྒོའི་སྟེང་གཏམ་བཤད།

欧盟与格摩乌三国签署联系国协定4.jpg

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས། ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་གྲོས་ཆོད་འགོད་པའི་མཛད་སྒོའི་སྟེང་གཏམ་བཤད།

欧盟与格摩乌三国签署联系国协定5.jpg

ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས། མའོ་ཨར་ཏའོ་ཝའི་ཙུང་ལི་ལེ་ཨན་ཁི་ཡིས་གྲོས་ཆོད་འགོད་པའི་མཛད་སྒོའི་སྟེང་གཏམ་བཤད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བདུན་ཉིན་བསྡུས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དབྱར་ཁའི་མཐོ་རིམ་གྲོས་ཚོགས་སྟེང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀི་ལུའུ་ཅི་ཡཱ་དང་། མའོ་ཨར་ཏའོ་ཝ་རྒྱལ་ཁབ་གཉིས་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་དངོས་སུ་བཀོད་པ་དང་། ཝུའུ་ཁི་ལན་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ཀྱི་ནང་དོན་ལྷག་མ་བཀོད། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཅིག་པར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཤར་ཕྱོགས་གྲོགས་པོའི་འབྲེལ་བའི་མཐོ་རིམ་གྲོས་ཚོགས་སྟེང་ཀི་ལུའུ་ཅི་ཡཱ་དང་མའོ་ཨར་ཏའོ་ཝ་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་པར་གྲོས་འཆམ་བྱུང་བ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་མ་གཞི་མཐོ་རིམ་གྲོས་ཚོགས་དེའི་སྟེང་ཝུའུ་ཁི་ལན་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་རྩིས་ཡོད་ཀྱང་། ཝུའུ་ཁི་ལན་གྱིས་གློ་བུར་དུ་ཡོ་རོབ་གླིང་མནའ་འབྲེལ་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་པའི་གྲ་སྒྲིག་བྱ་བ་གནས་སྐབས་སུ་མཚམས་བཞག་པ་རེད། ད་ལོའི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔྱིད་ཀའི་མཐོ་རིམ་གྲོས་ཚོགས་སྟེང་། ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན་གྱིས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ཀྱི་ཆབ་སྲིད་ཁག་གི་ནང་དོན་ལ་གྲོས་མཐུན་བཀོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག