མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་སོ་ཏི་ཨ་རབ་དང་ཅོར་ཏན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱིས་དབྱི་རག་གིས་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་འཛུགས་པར་རོགས་རམ་བྱེད་དགོས་པའི་སྐུལ་མ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-27 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་ཉེར་དྲུག་ཉིན་ཕཱ་རེ་སི་ནས་སོ་ཏི་ཨ་རབ་དང་། ཅོར་ཏན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱིས་ནུས་ཤུགས་ཡོད་དགུས་དབྱི་རག་གིས་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་འཛུགས་པར་རོགས་རམ་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་དང་བཅས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་སྟོབས་ཤུགས་ཇེ་ཆེར་འགྲོ་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཁི་ལེ་ཡིས་ཉིན་དེར་ཕཱ་རེ་སི་རུ་ཡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ནས་སོ་ཏི་ཨ་རབ་དང་ཅོར་ཏན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱས། ཁོས་སོ་ཏི་ཨ་རབ་དང་ཅོར་ཏན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱིས་གང་ནུས་ཀྱིས་དབྱི་རག་གིས་བཟོད་སྒོམ་རང་བཞིན་གྱི་སྲིད་གཞུང་འཛུགས་པར་རོགས་རམ་བྱེད་དགོས་པའི་སྐུལ་མ་བཏང་།

ཁི་ལེ་ཡིས་ད་རུང་གྲོས་མོལ་བྱེད་སྐབས་ཁོས་ཟླ་འདིའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་དབྱི་རག་ཏུ་འཚམས་འདྲི་བྱེད་སྐབས་དབྱི་རག་གི་ཙུང་ལི་མཱ་ལེ་ཅི་དང་བཅས་པའི་དབྱི་རག་གི་མགོ་ཁྲིད་པར་གྲོས་མོལ་བྱེད་པའི་གནས་ཚུལ་སྙན་ཞུ་བྱས།

ཁི་ལེ་ཡིས་གྲོས་མོལ་མ་བྱས་གོང་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། གྲོས་མོལ་ལ་ཞུགས་པའི་རྒྱལ་ཁབ་ཚང་མས་ཐལ་སྤྱོད་རྩ་འཛུགས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་པའི་འགུལ་སྐྱོད་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། ཁི་ལེ་ཡིས་ནན་གྱིས་བསྟན་དོན། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་རྩ་འཛུགས་དེ་ཡང་སི་རི་ཡཱའི་མིག་སྔའི་ཉམས་ཉེན་ལ་འབྲེལ་བ་ཡོད་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག