མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་སོ་བརྒྱད་པ་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་གྲོལ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་ཚོགས་པའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་སོ་བརྒྱད་པ་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་གྲོལ། གྲོས་ཚོགས་ནས་འཛམ་གླིང་ཡོངས་ཀྱིས་འཛམ་གླིང་ཤུལ་བཞག་གི་སྲུང་སྐྱོབ་ཤུགས་ཚད་ཇེ་ཆེར་བཏང་སྟེ། མིའི་རིགས་ཀྱི་བྱ་འགུལ་དང་རང་བྱུང་སྲུང་སྐྱོབ་ཐད་ནས་དོ་མཉམ་དང་འཆམ་མཐུན་ཡོང་བར་བྱེད་དགོས་པའི་འབོད་སྐུལ་བཏང་།

སྐབས་འདིའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་ནི་ཚེས་བཅོ་ལྔ་ཉིན་ཏའོ་ཧཱ་ནས་ཚོགས་མགོ་བརྩམས་པ་ཡིན་ཞིང་། ཨུ་ཡོན་ལྷན་ཁང་ཉེར་གཅིག་དང་བཅས་པའི་རྒྱལ་ཁབ་བརྒྱ་དང་སོ་གཅིག་གི་འཐུས་མི་སྟོང་གཅིག་དང་སུམ་བརྒྱ་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚོས་ཇི་ལྟར་འཛམ་གླིང་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ་དང་རིམ་པ་སོ་སོའི་རང་བྱུང་དང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་མ་དངུལ་ཁག་ཐེག་ཇི་ལྟར་དངོས་འབེབ་བྱེད་པར་གྲོས་བསྡུར་བྱས་པ་དང་། གཙོ་བོ་མིའི་རིགས་ཀྱི་བྱ་སྤྱོད་དང་རང་བྱུང་ཁམས་ཆེན་མོར་སྲུང་སྐྱོབ་བྱེད་པ། མིའི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་མཛའ་མཐུན་རྣམ་པར་ཞིབ་འཇུག་བྱས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག