མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་དབྱི་ལིང་གིས་དབྱི་ལིང་གི་པུའུ་ཧྲི་ཨར་ཉིང་རྡུལ་གློག་འདོན་ས་ཚིགས་ཀྱི་འཕྲུལ་འཁོར་མ་ལག་གསར་བ་འཛུགས་པར་གཅིག་གྱུར་འཐད་པ་བྱུང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ཀུང་ཟི་ཡིས་ཚེས་ཉེར་ལྔ་ཉིན་གནས་ཚུལ་སྤེལ་ཏེ། ཨུ་རུ་སི་དང་དབྱི་ལིང་གིས་དབྱི་ལིང་ལྷོ་ཕྱོགས་ཀྱི་པུའུ་ཧྲི་ཨར་ཉིང་རྡུལ་གློག་འདོན་ས་ཚིགས་སུ་ཉིང་རྡུལ་གློག་འདོན་གྱི་འཕྲུལ་འཁོར་མ་ལག་གསར་བ་འཛུགས་པར་གཅིག་གྱུར་འཐད་པ་བྱུང་ཡོད་ཟེར།

ཨུ་རུ་སིའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ཀུང་ཟི་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཀུང་ཟི་དེའི་འཐུས་མིས་ཉེ་སྔོན་དབྱི་ལིང་གི་འཐུས་མི་དང་མཉམ་དུ་ཉིང་རྡུལ་ནུས་པའི་མཉམ་ལས་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་པུའུ་ཧྲི་ཨར་ཉིང་རྡུལ་གློག་འདོན་ས་ཚིགས་ཀྱི་རྗེས་མཐུད་འཕྲུལ་འཁོར་མ་ལག་འཛུགས་པའི་ཡིག་ཆར་གྲོས་མོལ་བྱེད་པའི་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱས་ཡོད་ཟེར་ཡང་། བསྒྲགས་པའི་གནས་ཚུལ་ལས་ཉིང་རྡུལ་འཕྲུལ་འཁོར་མ་ལག་གསར་འཛུགས་བྱེད་པའི་ཁ་གྲངས་དང་ནུས་ཚད་སོགས་གླེང་མེད།

དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་དེའི་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལིང་གིས་ཨུ་རུ་སིའི་རོགས་རམ་འོག་ཉིང་རྡུལ་གློག་འདོན་གྱི་འཕྲུལ་འཁོར་མ་ལག་གསར་བ་གཉིས་འཛུགས་པའི་འཆར་གཞི་ཡོད་ཟེར། ཨུ་རུ་སིའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ཀུང་ཟིའི་ཙུང་ཚེ་ཅི་ལི་ཡན་ཁི་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སི་ཡིས་ལོ་མཇུག་གི་སྔོན་ལ་དབྱི་ལིང་བར་ཉིང་རྡུལ་འཕྲུལ་འཁོར་མ་ལག་གསར་འཛུགས་བྱེད་པའི་གན་རྒྱ་འཇོག་པའི་འཆར་གཞི་ཡོད་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག