མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་དབུས་ཤར་རྒྱལ་ཁབ་དག་གིས་དམག་དོན་ཐེ་གཏོགས་ལ་བརྟེན་ནས་དབྱི་རག་གི་གནས་བབ་ཇེ་སྡུག་ཏུ་གཏོང་མི་རུང་བའི་ཉེན་བརྡ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-26 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས་ཉེར་ལྔ་ཉིན་དབུས་ཤར་རྒྱལ་ཁབ་དག་གིས་དབྱི་རག་གི་གནས་བབ་ལ་དམག་དོན་ཐེ་གཏོགས་བྱས་ཏེ། ཛ་དྲག་གི་ཆོས་ལུགས་ཕྱོགས་ཁག་བར་གྱི་འགལ་བ་སྔར་ལས་ཇེ་སྡུག་ཏུ་གཏོང་མི་རུང་བའི་ཉེན་བརྡ་བཏང་།

ཁི་ལེ་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་བྱང་ཆིངས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། ང་ཚོས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྲོ་བའི་གནས་ཚུལ་གང་རུང་འབྱུང་མི་རུང་བ་དང་། མིག་སྔར་ཆོས་ལུགས་ཕྱོགས་ཁག་བར་གྱི་འགལ་བ་དེ་ཧ་ཅང་ཛ་དྲག་ཆེ་བའི་ཚད་དུ་བསླེབ་ཡོད་པ་ས་ཁུལ་དེའི་མི་རེ་རེར་ཤེས་སུ་བཅུག་ཡོད་ཟེར།

ཁི་ལེ་ཡིས་བསྟན་དོན། པཱ་ཀ་ཏཱའི་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་རང་སྟེང་གི་དམག་དོན་སྟོབས་ཤུགས་ཀྱིས་ཐལ་སྤྱོད་ཉེས་ཅན་གཡི་འཇབ་རྒོལ་ལ་འགོག་རྒོལ་བྱེད་ཐུབ་པར་འགན་སྲུང་བྱེད་དགོས་ཟེར།

ཁི་ལེ་ཡིས་གོང་གི་བསམ་ཚུལ་དེ་སྟོན་སྐབས་སི་རི་ཡཱའི་འཐབ་འཛིང་གནམ་གྲུས་དབྱི་རག་ནུབ་ཕྱོགས་སུ་བར་སྣང་ནས་འཇབ་རྒོལ་བྱས་པའི་དོན་རྐྱེན་གླེང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག