མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱའི་བཀག་སྡོམ་རྒྱ་བསྐྱེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-25 10:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་ཉེར་གསུམ་ཉིན་ལུའུ་སིན་པའོ་ནས་གྲོས་མཐུན་བཀོད་དེ། སྔར་ལས་ལྷག་པའི་སྒོ་ནས་སི་རི་ཡཱའི་བཀག་སྡོམ་རྒྱ་བསྐྱེད་པར་འཐད་པ་བྱུང་།

གྲོས་ཆོད་ལྟར་ན། སི་རི་ཡཱའི་སྲིད་གཞུང་གི་རྒྱལ་ནང་གི་དྲག་ཤུགས་དོན་རྐྱེན་ཐག་བཅད་པར་འགན་ཁུར་བའི་པུའུ་ཀྲང་བཅུ་གཉིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀག་སྡོམ་མིང་ཐོའི་ནང་བཀོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁོ་ཚོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མངའ་ཁོངས་སུ་ཡོད་པའི་རྒྱུ་ནོར་ཉར་འཇོག་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་དག་གིས་ཁོ་ཚོར་ལམ་ཡིག་སྟེར་བར་གཏན་འགོག་བྱེད་རྒྱུ་རེད།

ཉིས་སྟོང་བཅུ་གཅིག་ལོའི་ཟླ་ལྔ་བར། ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱ་ལ་མཚོན་ཆའི་སྐྱེལ་འདྲེན་གཏན་འགོག་བྱེད་པ་སོགས་བཀག་སྡོམ་བྱེད་ཐབས་སྣ་མང་ལག་བསྟར་བྱེད་རྒྱུ་ཐག་བཅད། མིག་སྔར། བསྡོམས་པས་མི་སྒེར་བརྒྱ་དང་གོ་གཅིག་དང་། སི་རི་ཡཱའི་ཀྲུང་དབྱང་དངུལ་ཁང་དང་བཅས་པའི་ལས་ཁུངས་དང་ཁེ་ལས་ང་གསུམ་ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་མིང་ཐོའི་ནང་བཀོད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག