མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕིའོ་ཅིན་ཧུའེ་ཡིས་ལྷོ་ཁོ་རེ་ཡས་བྱང་ཁོ་རེ་ཡའི་རྣམ་འགྱུར་འཛིན་སྟངས་ལ་འགྱུར་བ་གཏོང་རྒྱུ་དང་ཉིང་རྡུལ་འཆར་འགོད་དོར་རྒྱུར་སྣེ་ཁྲིད་བྱེད་རྒྱུ་ཡིན་ཞེས་གསུང་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-18 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་16ཉིན་ཨེ་ཤ་ཡའི་དབུས་རྒྱུད་རྒྱལ་ཁབ་གསུམ་ལ་འཚམས་འདྲི་གནང་བཞིན་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཕིའོ་ཅིན་ཧུའེ་ཡིས་ཨུ་ཙེ་པེ་ཁེ་སི་ཐན་དུ་ལྷོ་ཁོ་རེ་ཡའི་ཕྱིར་སྡོད་རང་མིས་སྐོང་འཚོགས་བྱས་པའི་སྙིང་གཏམ་ཤོད་རེས་ཚོགས་འདུར་ཞུགས་སྐབས་ལྷོ་ཁོ་རེ་ཡས་བྱང་ཁོ་རེ་ཡས་རྣམ་འགྱུར་འཛིན་སྟངས་ལ་འགྱུར་བ་གཏོང་རྒྱུ་དང་ཉིང་རྡུལ་འཆར་འགོད་དོར་སྟེ་ཡང་དག་པའི་ལམ་བུའི་ཐོག་ཏུ་བསྐྱོད་རྒྱུར་སྣེ་ཁྲིད་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་ཟེར།

ཕིའོ་ཅིན་ཧུའེ་ཡིས་མ་གཞི་བྱང་ཁོ་རེ་ཡས་ད་དུང་ཉིང་རྡུལ་འཆར་འགོད་དོར་མེད་མོད། འོན་ཀྱང་ལྷོ་ཁོ་རེ་ཡས་བྱང་ཁོ་རེ་ཡས་རྣམ་འགྱུར་འཛིན་སྟངས་ལ་འགྱུར་བ་གཏོང་རྒྱུ་དང་ཡང་དག་པའི་ལམ་བུའི་ཐོག་ཏུ་བསྐྱོད་རྒྱུར་སྣེ་ཁྲིད་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་གསུང་པ་རེད།

ཕིའོ་ཅིན་ཧུའེ་ཡིས་ད་དུང་ལྷོ་ཁོ་རེ་འདི་ཉིད་མང་ཚོགས་སྤོབས་སེམས་སྐྱེས་པའི་རྒྱལ་ཁབ་ཞིག་ཏུ་གཏོད་རྒྱུ་ཡིན་ཞེས་གསུང་པ་རེད། ཁོང་གིས་ད་ཐེངས་ཨེ་ཤ་ཡའི་དབུས་རྒྱུད་དུ་བསྐྱོད་པ་བརྒྱུད་དེ་ཨེ་ཤ་ཡའི་དབུས་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་འབྲེལ་བ་སྔར་བས་རྒྱ་སྐྱེད་དུ་གཏོང་རྒྱུ་དང་དེ་ནས་བཟུང་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་སའི་འབྱུང་འགྱུར་གསར་པ་འགོ་ཚུགས་ཡོད་ཅེས་གསུང་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག