མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནི་ཐ་ཉི་ཡ་ཧུས་བཙན་ཁྲིད་བྱས་པའི་གནད་དོན་ཐད་ཨ་པ་སི་དང་ཞལ་པར་བསྐྱོན་རེས་གནང་བ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-18 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས16ཉིན་དབྱི་སི་རལ་གྱི་ཙུང་ལི་ནི་ཐ་ཉི་ཡ་ཧུས་ཡིའུ་ཐའེ་བའི་གཞོན་ནུ་གསུམ་བཙན་ཁྲིད་བྱས་པའི་གནད་དོན་དང་ཕ་ལེ་སི་ཐན་ཙུང་ཐུང་ཨ་པ་སི་དང་ཞལ་པར་བསྐྱོན་རེས་གནང་ནས་ཕ་ལེ་སི་ཐན་ཕྱོགས་ནས་དབྱི་སི་རལ་གྱིས་བཙན་ཁྲིད་བྱས་པའི་གཞོན་ནུ་བ་སྐྱོབ་རོགས་བྱ་རྒྱུར་རོགས་རམ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུང་པ་རེད།

འདི་ནི་ལོ་གཅིག་གི་ནང་ཚུན་དུ་ནི་ཐ་ཉི་ཡ་ཧུ་དང་ཨ་པ་སིའི་བར་ལ་ཞལ་པར་བསྐྱོན་རེས་དང་པོ་ཡིན་པ་རེད། ཞལ་པར་བསྐྱོན་གྲུབ་རྗེས་ཨ་པ་སིས་གསལ་བསྒྲགས་སྤེལ་ནས་བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་མ་ཟད་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་པོས་དྲག་ཤུགས་སྤྱོད་པར་བཟོད་སྒོམ་བྱེད་རེ་ཡོད་ཅེས་གསུང་པ་རེད།

དབྱི་སི་རལ་དམག་དཔུང་དང་བདེ་འཇགས་དཔུང་སྡེས་མིག་སྔར་ཅོར་ཏན་ཆུ་བོའི་ནུབ་འགྲམ་དང་ལྷག་དོན་དུ་ཤི་པོ་ལུན་ཉེ་འགྲམ་དུ་མུ་མཐུད་དུ་སྤྱི་ཚེས་12ཉིན་བཙན་ཁྲིད་བྱས་པའི་ཡིའུ་ཐའེ་བའི་གཞོན་ནུ་གསུམ་བཙད་འཚོལ་བྱེད་བཞིན་ཡོད། འོན་ཀྱང་ད་ལྟའི་བར་རྙེད་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག