མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁེ་ལིས་ཨ་རིས་དབྱི་རན་དང་དབྱི་རག་གནས་བབ་ཐད་བགྲོ་གླེང་བྱེད་འདོད་ཡོད་ཅེས་གསུངས་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-18 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་16ཉིན་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལིས། ཨ་རིས་དབྱི་རག་གི་གནས་བབ་ཐད་དབྱི་རན་དང་གྲོས་མོལ་བྱེད་འདོད་ཡོད་ལ་དུས་མཚུངས་སུ་དེ་མིན་དམག་དོན་མཉམ་ལས་ཐད་ལའང་གྲོས་མོལ་བྱེད་སྲིད་པ་ཟུར་འབུད་བྱེད་མི་སྲིད་ཅེས་བསྟན།

ཁེ་ལིས་དབྱི་རག་དྲག་ཆས་པས་དབྱི་རག་གི་ཆགས་འཇིག་ཐད་ལ་ཉེན་ཁ་བཟོ་བཞིན་པ་དང་ཆབས་ཅིག་ཏུ་ས་ཁུལ་ཧྲིལ་པོའི་བརྟན་ལྷིང་ལའང་ཉེན་ཁ་བཟོ་བཞིན་ཡོད་ཅེས་གསུངས་པ་རེད། ཨ་རིས་དྲག་ཆས་པར་མཁའ་ཐོག་ནས་རྡུང་རྡེག་གཏོང་མིན་ཐད་ལ་བསམ་བློ་གང་འདྲ་གཏོང་བཞིན་ཡོད་ཅེས་དྲིས་པར་ཁེ་ལིས། འདི་ནི་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པའི་བྱེད་ཐབས་ཞིག་མིན། འོན་ཀྱང་གདམ་ག་གལ་ཆེན་གྱི་གྲས་ཤིག་ཡིན་ཞེས་གསུང་པ་རེད། ཨ་རིའི་ཙུང་ཐུང་ཨའོ་པ་མས་ཀྱང་དེ་སྔ་ཨ་རིའི་ཕྱོགས་ནས་ས་ངོས་དམག་དཔུང་མངག་གཏོང་བྱས་ནས་དབྱི་རག་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རྩིས་མེད། འོན་ཀྱང་དེ་མིན་གདམ་ག་གཞན་གྱི་ཐད་ལ་བསམ་བློ་གཏོང་སྲིད་ཅེས་གསུང་མྱོང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག