མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་ཡིས་དམངས་གཙོའི་བཅོས་བསྒྱུར་ལ་ཡར་སྐུལ་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པའི་སྐུལ་མ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-18 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མཛའ་མཐུན་འབྲེལ་བའི་སྲིད་ཇུས་རྒྱ་བསྐྱེད་ཀྱི་འགན་ཁུར་བའི་ཨུ་ཡོན་ཧྥེ་ལེ་ཡིས་ཚེས་བཅུ་བདུན་ཉིན་ཨན་ཁཱ་ལཱ་ནས་བསྟན་དོན། ཐུར་ཁེ་རྒྱལ་ཁབ་ཀྱིས་རྒྱལ་ནང་གི་ཆབ་སྲད་འཕེལ་རིམ་ལ་ཡར་སྐུལ་བཏང་ནས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་ཟེར།

ཧྥེ་ལེ་ཡིས་ཉིན་དེར་ཐུར་ཁེའི་དཔོན་པོ་དང་མཉམ་དུ་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ། ཁོས་གྲོས་མོལ་མཇུག་སྒྲིལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཐུར་ཁེ་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་འབད་བརྩོན་ལྷོད་མེད་བྱས་པར་ཁས་ལེན་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་ཁས་ལེན་བྱས།

ཞོར་དུ་ཧྥེ་ལེ་ཡིས་ད་རུང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཀྱི་དབང་གིས་ཐུར་ཁེའི་རྒྱལ་ནང་གི་གནས་བབ་ཅུང་ཟང་ཟིང་དུ་གྱུར་བར་སེམས་ཁུར་བྱེད་བཞིན་ཡོད། ཁོས་བསྟན་དོན། ཐུར་ཁེའི་སྲིད་གཞུང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྟོག་ཞིབ་ལ་ཞུགས་པའི་ཁྲིམས་དཔོན་སྐོར་ཞིག་འགན་བླངས་པ་དང་། ཁྲིམས་འཛིན་དབང་ཤུགས་ཀྱི་ཁྲིམས་འཛུགས་བྱེད་ཐབས་བཏོན་པར་ཡོ་རོབ་གླིང་མནའ་འབྲེལ་གྱི་བསམ་པར་བསྡུ་ལེན་མ་བྱས། དེ་ལྟར་བྱས་ན་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཚད་གཞི་དང་བར་ཐག་ཇེ་རིང་དུ་འགྲོ་སྲིད་ཟེར། ཁོས་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱིས་རྒྱལ་ནང་གི་དམངས་གཙོའི་བཅོས་བསྒྱུར་གྱི་འཕེལ་རིམ་ལ་ཡར་སྐུལ་བྱས་ཏེ། ཁྲིམས་སྐྱོང་དང་འགྲོ་མིའི་ཐོབ་ཐང་གི་ཁྱབ་ཁོངས་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་བར་གྲོས་མོལ་བྱེད་པའི་འབྲེལ་བ་ཟབ་མོ་སྲུང་འཛིན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག