མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེའི་ཙུང་ལི་ཡིས་དབྱི་རག་གི་དྲག་ཆས་ཉེས་ཅན་གྱིས་ཐུར་ཁེའི་མི་གཏའ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-18 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ལི་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་བདུན་ཉིན་ཨན་ཁཱ་ལཱ་ནས་དབྱི་རག་གི་དྲག་ཆས་ཉེས་ཅན་གྱིས་གང་མགྱོགས་སྒོས་དེའི་སྔོན་བཙན་ཁྲིད་བྱས་པའི་ཐུར་ཁེའི་སྤྱི་དམངས་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་བ་དང་། ཁོ་ཚོ་བདེ་འཇགས་ངང་རྒྱལ་ནང་དུ་ལོག་ཐུབ་པའི་སྨོན་འདུན་ཞུས།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་གྲོས་ཁང་གིས་བསྡུས་པའི་དྲང་བདེན་དང་འཕེལ་རྒྱས་ཏང་གི་གྲོས་ཚོགས་སྟེང་བཤད་རྒྱུར། དབྱི་རག་སྲིད་གཞུང་གིས་མའོ་སུའུ་ཨར་དུ་ཡོད་པའི་ཐུར་ཁེའི་སྤྱིའི་དོན་གཅོད་ཁང་ལ་དགོས་ངེས་ཀྱི་བདེ་འཇགས་སྲུང་སྐྱོབ་མ་བྱས་པའི་དང་གིས། སྤྱིའི་དོན་གཅོད་ཁང་དེ་དབྱི་རག་གི་དྲག་ཆས་ཉེས་ཅན་གྱིས་བཙན་བཟུང་བྱས་པ་ཡིན་ཟེར། ཁོས་བཤད་རྒྱུར། ང་ཚོས་མི་གཏའ་མྱུར་མོར་ཕྱིར་གཏོང་བ་དང་ཁོ་ཚོ་བདེ་འཇགས་ངང་ཕྱིར་རྒྱལ་ནང་དུ་ལོག་པར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉིན་དེར་མའོ་སུའུ་ཨར་དུ་ཡོད་པའི་ཐུར་ཁེའི་སྤྱིའི་དོན་གཅོད་ཁང་བཙན་བཟུང་བྱས་པ་དང་། དོན་གཅོད་ཁང་དེའི་ནང་གི་ཕྱི་འབྲེལ་མི་སྣ་དང་དེའི་ཁྱིམ་མི། སྐུ་སྲུང་བ་བཅས་མི་ཞེ་དགུ་བཙན་ཁྲིད་བྱས་པ་བདེན་དཔང་བྱས། ཐུར་ཁེའི་སྲིད་གཞུང་གིས་མིག་སྔར་བྱེད་ཐབས་གང་རུང་སྤྱད་དེ་ཐུར་ཁེའི་མི་དེ་དག་བདེ་འཇགས་ངང་ཕྱིར་རྒྱལ་ནང་དུ་ལོག་པར་འབད་བརྩོན་བྱེད་བཞིན་ཡོད།

གཟའ་འཁོར་སྔོན་མ་ནས་བཟུང་དབྱི་རག་གི་བདེ་འཇགས་གནས་བབ་མུ་མཐུད་དུ་ཇེ་སྡུག་ཏུ་སོང་བ་དང་། དབྱི་རག་གི་བདེ་འཇགས་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱུང་བ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སྔ་གཞུག་ཏུ་མའོ་སུའུ་ཨར་དང་ཐིས་ཁི་ལི་ཐི་གྲོང་ཁྱེར་གཉིས་བཙན་བཟུང་བྱས་ཏེ། རིམ་བཞིན་རྒྱལ་ས་པཱ་ཀ་ཏཱའི་ཕྱོགས་སུ་ཐག་ཇེ་ཉེར་གཏོང་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག