མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་མོལ་བྱས་ཏེ་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-18 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཚེས་བཅུ་བདུན་ཉིན་ཁ་པར་བརྒྱུད་དེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱས། དེའི་སྔོན་ཨུ་རུ་སིའི་གསར་འགོད་པ་གཉིས་ཝུའུ་ཁི་ལན་གྱི་ཤར་ལྷོའི་ས་ཁུལ་ནས་རྐྱེན་ལམ་དུ་ཤོར་བ་རེད།

ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱས་རྗེས་གསལ་སྒྲོག་སྤེལ་ཏེ། པའོ་ལོ་ཧྲིན་ཁི་ཡིས་ཨུ་རུ་སིའི་གསར་འགོད་པ་གཉིས་རྐྱེན་ལམ་དུ་ཤོར་བའི་གནད་དོན་ལ་རྟོག་ཞིབ་བཟང་བོ་བྱེད་པའི་ཐད་ནས་ཕུའུ་ཅིན་ལ་ཁག་ཐེག་བྱས་པ་དང་། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་དུ་ཡོད་པའི་གསར་འགོད་པར་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན་བྱས།

ཁི་ལི་མུའུ་ལིན་ཕོ་བྲང་གིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སྤེལ་སའི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་ཨུ་རུ་སིའི་གསར་འགོད་པ་ཝུའུ་ཁི་ལན་ནས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་དགོས་པ་དང་། དོན་རྐྱེན་དེའི་འགན་ཁུར་བར་ཆད་གཅོད་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཉིན་དེར་དྲ་ཚིགས་སྟེང་རྐྱེན་ལམ་དུ་ཤོར་བའི་གསར་འགོད་པའི་ཁྱིམ་མི་དང་ལས་གྲོགས་ལ་འཚམས་འདྲི་བྱས་པར་མ་ཟད། རྒྱལ་ཁབ་ཀྱི་སྲིད་དབང་གི་ཆེད་བརྩོན་པར་བཤད་པའི་མི་དེ་དག་གིས་ཝུའུ་ཁི་ལན་གྱི་གནས་བབ་ལ་འགན་ཁུར་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག