མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཁོ་ལོམ་པུ་ཡཱ་ཡིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕང་བར་རྟེན་འབྲེལ་ཞུས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-17 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅུ་དྲུག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཁོ་ལོམ་པུ་ཡཱ་ཡིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕང་བར་རྟེན་འབྲེལ་ཞུས་པ་དང་། ཞོར་དུ་ཁོ་ལོམ་པུ་ཡཱའི་ཕྱོགས་ཁག་སོ་སོས་གང་མགྱོགས་ཀྱིས་ཞི་བའི་གྲོས་མོལ་ཡོངས་འགྲུབ་བྱེད་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཁོ་ལོམ་པུ་ཡཱའི་མང་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་བ་ཡོངས་འགྲུབ་བྱས་པར་གཟེངས་བསྟོད་བྱས་པ་དང་། ཙུང་ཐུང་སིང་ཐའོ་སི་ཡིས་མགོ་ཁྲིད་པའི་ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་མུ་མཐུད་དུ་མཉམ་ལས་བྱེད་པར་རེ་སྒུག་བྱེད་ཅིང་། ཁོ་ལོམ་པུ་ཡཱའི་མི་ཚང་མའི་ཆེད་དུ་རྒྱལ་ཁབ་དེའི་ཞི་བདེ་དང་འགྲོ་མིའི་ཐོབ་ཐང་། འཕེལ་རྒྱས་བཅས་ལ་ཡར་སྐུལ་བྱེད་རྒྱུའི་ཚུལ་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། ཁོ་ལོམ་པུ་ཡཱ་རྒྱལ་ཁབ་ཀྱིས་ཕྱེད་གླིང་ལྷོ་མའི་དུས་ཡུན་ཆེས་རིང་བོ་འགོར་བའི་དྲག་ཆས་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་པའི་དུས་ལ་བབ་ཡོད་པ་དང་། དེ་ནི་ཤོར་དུ་འཇུག་མི་རུང་བའི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་རེད་ཟེར། ཕན་ཅི་ཝུན་གྱིས་ཕྱོགས་སོ་སོས་བླངས་པའི་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་། གང་མགྱོགས་ཀྱིས་ཞི་བའི་གྲོས་མོལ་ཡོངས་འགྲུབ་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་ཕྱོགས་སོ་སོས་དམངས་ཁྲོད་སྤྱི་ཚོགས་ཀྱི་བསམ་ཚུལ་ལ་ཉན་དགོས་པའི་སྐུལ་མ་བཏང་བ་དང་། རྒྱུ་མཚན་ནི་དམངས་ཁྲོད་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ནི་ཁོ་ལོམ་པུ་ཡཱའི་ཡུན་རིང་བརྟན་འཇགས་ཀྱི་གནད་འགག་ཡིན་པས་རེད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་བཞིན་དུ་ཁོ་ལོམ་པུ་ཡཱའི་ཕྱོགས་ཁག་སོ་སོའི་རེ་འདོད་ལྟར་གྲོས་མོལ་ཡོངས་འགྲུབ་དང་བཀོད་པའི་གྲོས་མཐུན་དངོས་འབེབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག