མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་ཏི་ཨ་རབ་ཀྱིས་དབྱི་རག་གིས་གང་མགྱོགས་ཀྱིས་རྒྱལ་ཡོངས་འགྲིག་མཐུན་སྲིད་གཞུང་རྩ་འཛུགས་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-17 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱིས་ཚེས་བཅུ་དྲུག་ཉིན་དབྱི་རག་གིས་གང་མགྱོགས་ཀྱིས་རྒྱལ་ཡོངས་འགྲིག་མཐུན་སྲིད་གཞུང་རྩ་འཛུགས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

སོ་ཏི་ཨ་རབ་ཀྱི་ནེ་ཀི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་རག་གིས་རྩ་ཁྲིམས་དང་ཆབ་སྲིད་བཅོས་བསྒྱུར་བྱེད་དགོས་པ་དང་། གང་མགྱོགས་ཀྱིས་རིམ་པ་སོ་སོ་འདྲ་མཉམ་ངང་ཞུགས་པའི་རྒྱལ་ཡོངས་འགྲིག་མཐུན་སྲིད་གཞུང་རྩ་འཛུགས་བྱེད་དགོས་ལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་དབྱི་རག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

སོ་ཏི་ཨ་རབ་ཀྱི་ནེ་ཀི་ཡིས་དེང་སྐབས་ཀྱི་དབྱི་རག་གི་ཟིང་འཁྲུག་གནས་བབ་དེ་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དབང་འཛིན་ལས་ཁུངས་ཀྱིས་ཉེ་བའི་ལོ་འགའི་རིང་ཞོང་ནེ་ཕྱོགས་ཁག་ལ་གནོད་སྐྱེལ་བའི་སྲིད་ཇུས་ལག་བསྟར་བྱས་པས་ལན་པ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག