མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་པོས་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་དམག་དམངས་དམར་གསོད་བཏང་བའི་དྲག་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-17 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཕིས་ལེ་ཡིས་ཚེས་བཅུ་དྲུག་ཉིན་རི་ནེ་ཝ་ནས་གསལ་སྒྲོག་སྤེལ་ཏེ། ཐལ་སྤྱོད་རྩ་འཛུགས་དབྱི་རག་དང་ལེ་ཧྥན་ཐི་དབྱེ་སི་ལན་རྒྱལ་ཁབ་ཅེས་པས་མིག་སྔར་དབྱི་རག་ནས་མི་སེར་དཀྱུས་མ་དང་ཉེན་རྟོག་དམག་དཔུང་ལ་དམིགས་པའི་དམར་གསོད་དྲག་སྤྱོད་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་།

ཕིས་ལེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཁོ་མོས་མགོ་ཁྲིད་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་གིས་ཐབས་ལམ་མི་འདྲ་བ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཉེ་བའི་ཉིན་ལྔའི་རིང་། བཟུང་དམག་དང་མགོ་སྒུར་བའི་དབྱི་རག་སྲིད་གཞུང་གི་དམག་མི་དང་ཉེན་རྟོག་པ། སྲིད་གཞུང་གི་འབྲེལ་ཡོད་མི་སྣ་སོགས་མི་བརྒྱ་ཕྲག་འགའ་ཐིས་ཁི་ལི་ཐི་ས་ཁུལ་ནས་དབྱི་རག་དང་ལོས་ཧྥན་ཐི་དབྱེ་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣས་དམར་གསོད་བཏང་བ་རེད། ཁོ་མོས་དམར་གསོད་བྱ་སྤྱོད་དེས་འཐབ་འཁྲུག་ནག་ཉེས་གྲུབ་ཡོད་པ་ནན་བཤད་བྱས།

ཕིས་ལེ་ཡིས་བཤད་རྒྱུར། འདས་པའི་ཉིན་ལྔའི་ནང་། དབྱི་རག་དང་ལོས་ཧྥན་ཐི་དབྱེ་སི་ལན་རྒྱལ་ཁབ་ཀྱི་དྲག་ཆས་མི་སྣས་ད་རུང་མའོ་སུའུ་ཨར་གྲོང་ཁྱེར་གྱི་རྩ་འཛུགས་དེར་མགོ་མི་སྒུར་བའི་ཆོས་ལུགས་མི་སྣ་བཅུ་གསུམ་བསད་ཟེར། རྩ་འཛུགས་དེས་ད་རུང་ཆོས་ལུགས་བར་གྱི་འཁོན་ཁ་སློང་བའི་གཏམ་བཤད་སྤེལ་ཏེ། དབྱི་རག་ནས་སྔར་ལས་ལྷག་པའི་ཟིང་འཁྲུག་དང་དམར་གསོད་དོན་རྐྱེན་བཟོ་རྩིས་རེད་ཟེར།

ཕིས་ལེ་ཡིས་བསྟན་དོན། དབྱི་རག་གི་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱ་འགུལ་གྱིས་དབྱི་རག་དང་ས་ཁུལ་གྱི་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་ཟེར། ཁོ་མོས་དབྱི་རག་གི་ལས་རིགས་སོ་སོ་དང་ཆོས་ལུགས་ལས་རིགས་སོ་སོས་མཐུན་སྒྲིལ་བྱས་ཏེ། །མཉམ་དུ་ཐལ་སྤྱོད་རྩ་འཛུགས་ལ་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག