མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་གཞུང་ཚབ་ཁང་གི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-17 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། ཅི་ཧྥུའུ་རུ་ཡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་དང་། ཨོ་ཏི་སཱ་དང་ཧཱ་ཨར་ཁི་ཧྥུའུ། ལེ་བོ་ཧྥུའུ་བཅས་སུ་ཡོད་པའི་སྤྱིའི་དོན་གཅོད་ཁང་གི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་དཔོན་ཕྱོགས་ཀྱི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ང་ཚོས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་ཨུ་རུ་སིའི་གཞུང་ཚབ་ཁང་གི་བདེ་འཇགས་ལ་འགན་སྲུང་དང་། ཨོ་ཏི་སཱ་དང་ཧཱ་ཨར་ཁི་ཧྥུའུ། ལེ་བོ་ཧྥུའུ་བཅས་ཀྱི་སྤྱིའི་དོན་གཅོད་ཁང་གི་རྒྱུན་ལྡན་གྱི་འཁོར་སྐྱོད་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན་ཡོད་ལ། ཝུའུ་ཁི་ལན་གྱིས་དོན་དེར་འགན་ཁུར་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག