མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པུ་ཡཱའི་དྲག་ཆས་ཕྱོགས་ཁག་གིས་པན་ཅཱ་ཞི་ནས་ཡང་བསྐྱར་འཁྲུག་རྩོད་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་དམག་དཔུང་ལས་ཕྱིར་བུད་པའི་དམག་དཔོན་ཧཱ་ཧྥུའུ་ཐཱ་ཨར་གྱིས་ཚོད་འཛིན་བྱེད་པའི་དྲག་ཆས་པས་ཚེས་བཅོ་ལྔ་ཉིན་དབྱི་སི་ལན་དམངས་དམག་དྲག་ཆས་པའི་པན་ཅཱ་ཞི་རུ་ཡོད་པའི་སྡོད་གནས་ལ་ཕར་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞི་ལ་རྨས་ཕོག

ཧཱ་ཧྥུའུ་ཐཱ་ཨར་གྱི་མགྲིན་ཚབ་པ་ཧི་ཅཱ་ཆི་ཡིས་བདེན་དཔང་བྱས་དོན། ཉིན་དེའི་འཁྲུག་རྩོད་གཙོ་བོ་པན་ཅཱ་ཞིའི་ནུབ་ཕྱོགས་ས་ཁུལ་ནས་སྤེལ་བ་དང་། ཧཱ་ཧྥུའུ་ཐཱ་ཨར་གྱིས་ཚོད་འཛིན་བྱེད་པའི་ལི་པུ་ཡཱའི་རྒྱལ་དམངས་དམག་གིས་ཐན་ཁི་འཁོར་ལོ་བཀོལ་ནས་དབྱི་སི་ལན་དམངས་དམག་དྲག་ཆས་པའི་སྡོད་གནས་དམིགས་འབེན་ལ་ཕར་རྒོལ་བྱས། དེ་ལས་གཞན་ལི་པུ་ཡཱའི་རྒྱལ་དམངས་དམག་གིས་དམག་བཀོལ་གནམ་གྲུ་ལ་བརྟེན་ནས་འགས་གཏོར་བཏང་ཟེར།

པན་ཅཱ་ཞི་ཡི་སྨན་བཅོས་ལྟེ་གནས་དང་པན་ཅཱ་ཞི་ཨེ་པུའུ་ཡཱ་ཨར་སྨན་ཁང་གིས་བདེན་དཔང་བྱས་དོན། སྨན་ཁང་དེ་གཉིས་ཀྱིས་ཉིན་དེར་བསྡོམས་པས་འདས་པོ་བཞི་དང་རྨས་མ་བཅུ་བཞི་དང་ལེན་བྱས་ཡོད་ཟེར།

ལི་པུ་ཡཱའི་གློག་ཤུགས་ཀུང་ཟིའི་མགྲིན་ཚབ་པ་ལུའུ་ཐི་ཧྥེ་ཡིས་བཤད་རྒྱུར། གློག་འདོན་ས་ཚིགས་ཤིག་ལ་ཉིན་དེར་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པའི་དབང་གིས་པན་ཅཱ་ཞི་ཡི་ས་ཁུལ་མང་ཤོས་ལ་གློག་ཆད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག