མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་རིགས་རྒྱུད་ཚོ་ཁག་ས་ཁུལ་གྱི་དྲག་ཆས་པར་དམག་དོན་འགུལ་སྐྱོད་སྤེལ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-16 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། བདེ་འཇགས་དམག་དཔུང་གིས་ཝ་ཅི་ལི་སི་ཐན་བྱང་མའི་རིགས་རྒྱུད་ཚོ་ཁག་ས་ཁུལ་དུ་སྦས་སྐོང་བྱས་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་བའི་དམག་དོན་འགུལ་སྐྱོད་སྤེལ་ཟེར།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱི་མགྲིན་ཚབ་པ་པཱ་ཅེ་ཝ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། སྲིད་གཞུང་གི་བཀའ་རྒྱ་ལྟར་དུ། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཝ་ཅི་ལི་སི་ཐན་བྱང་མར་སྦས་སྐོང་བྱས་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་ཕྱིར་རྣོ་དབལ་རལ་གྲི་ཞེས་པའི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་བ་ཡིན་ཟེར།

པཱ་ཅེ་ཝ་ཡིས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་དེ་དག་གིས་ཝ་ཅི་ལི་སི་ཐན་བྱང་མ་རྟེན་གཞིར་བྱས་ཏེ་ཕཱ་ཁི་སི་ཐན་རྒྱལ་ཡོངས་སུ་འཇབ་རྒོལ་དོན་རྐྱེན་བཟོས་ཏེ། མི་དམངས་ཀྱི་འཚོ་བར་གཏོར་བརླག་དང་དཔལ་འབྱོར་འཕེལ་རྒྱས་ལ་བཀག་རྒྱ་བཟོས་པར་མ་ཟད། ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་ཆེན་པོ་བཟོ་བཞིན་ཡོད། དྲག་ཆས་དམག་དཔུང་གིས་བཀའ་བཞིན་དུ་དྲག་ཆས་ཉེས་ཅན་དེ་དག་ཚར་གཏོང་བྱས་པར་མ་ཟད་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སའི་གནས་གཏོར་ཞིག་བཏང་བ་ཡིན་ཟེར།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཉིན་དེའི་ཞོགས་པར་འཐབ་འཛིང་གནམ་གྲུ་མངག་གཏོང་བྱས་ཏེ་ཝ་ཅི་ལི་སི་ཐན་བྱང་མའི་རིགས་རྒྱུད་ཚོ་ཁག་ས་ཁུལ་དུ་ཡོད་པའི་ཕྱི་རྒྱལ་གྱི་དྲག་ཆས་རྩ་འཛུགས་ལ་བར་སྣང་ནས་འཇབ་རྒོལ་བྱས། མིག་སྔའི་བར་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་བརྒྱ་དང་ལྔ་བསད་པ་བདེན་དཔང་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག