ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། གལ་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་དབྱི་ལིང་བར་ཕྱོགས་ཡོངས་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་མཇུག་མཐའི་གྲོས་མཐུན་འགོད་རྩིས་ཡོད་ན། ངེས་པར་དུ་དབྱི་ལིང་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་ཡོད་ཚད་མེད་པར་བཟོ་དགོས་ཟེར།
ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ལུའུ་ཧཱ་ནེ་ཡིས་ཟླ་འདིའི་ཚེས་བཅུ་དྲུག་ཉིན་ནས་བཟུང་མགོ་རྩོམ་རྒྱུ་ཡིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་ལ་རེ་བ་ཆེན་པོ་བཅངས་ཡོད་པའི་ཚུལ་བསྟན་པ་དང་། སྐོར་ཐེངས་གསར་བའི་གྲོས་མོལ་ནས་མཇུག་མཐའི་གྲོས་མོལ་འགོད་པར་རེ་བ་ཡོད་ཟེར། ཁོས་བཤད་རྒྱུར། ཕྱོགས་སོ་སོའི་བར་སྔར་བཞིན་འགལ་བ་ཡོད་ཀྱང་། ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་གྱི་གྲོས་མོལ་སྔོན་ལ་མཇུག་མཐའི་གྲོས་མཐུན་འགོད་ཐུབ་པའི་རེ་བ་ཡོད་ཟེར།
ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ནམ་རྒྱུན་དབྱི་ལིང་གིས་གསང་བའི་སྒོ་ནས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་སུ་གཏོང་བཞིན་ཡོད་པར་དོགས་པ་ཟ་བིཞན་ཡོད་ཀྱང་། དབྱི་ལིང་གིས་རང་གི་ཉིང་རྡུལ་ནུས་པའི་འཆར་གཞི་ནི་དམངས་བཀོལ་གྱི་ངོ་བོར་གཏོགས་པ་ནན་བཤད་བྱས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྡོ་སྣུམ་སྐྱེལ་འདྲེན་གཏན་འགོག་དང་བཅས་པའི་བཀག་སྡོམ་བྱེད་ཐབས་མང་བོ་ལག་བསྟར་བྱས་ཡོད།