མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གསར་འགྱུར་པུའུ་ཀྲང་གྲོས་ཚོགས་སྐབས་གསུམ་པ་འབར་མ་ནས་ཚོགས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གསར་འགྱུར་པུའུ་ཀྲང་གྲོས་ཚོགས་སྐབས་གསུམ་པ་ཚེས་བཅུ་གཉིས་ཉིན་འབར་མའི་ནེ་པུས་ཏུའུ་ནས་ཚོགས། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཚེ་མེན་ཀྲའོ་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས།

ཚེ་མེན་ཀྲའོ་ཡིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གསར་འགྱུར་ཁྱབ་ཁོངས་ཀྱི་མཉམ་ལས་ནི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ས་ཁུལ་གྱི་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡིན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གསར་འགྱུར་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལས་ས་ཁུལ་གྱི་འཕེལ་རྒྱུས་བརྒྱུད་རིམ་ལ་བདེན་དཔང་བྱས་ཡོད་ལ། ས་ཁུལ་གྱི་མཛའ་མཐུན་མཉམ་ལས་ལ་ཡར་སྐུལ་དང་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གསར་འགྱུར་པུའུ་ཀྲང་གྲོས་ཚོགས་གྲོལ་རྗེས་མཉམ་འབྲེལ་གྱི་གསར་འགྱུར་སྤྱི་སྒྲོག་སྤེལ། སྤྱི་སྒྲོག་ལས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཀྱི་པུའུ་ཀྲང་ཚོས་བལྟས་ན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་ཁྱབ་ཁོངས་སུ། ཀྲུང་གོས་གསར་འགྱུར་ཁྱབ་ཁོངས་ཀྱི་མཛའ་མཐུན་བརྗེ་རེས་དང་མཉམ་ལས་ལ་མཐོང་ཆེན་བྱས་ཏེ་བྱས་རྗེས་གལ་ཆེན་བཞག་ཡོད་པར་འདོད། སྤྱི་སྒྲོག་ལས་བལྟས་ན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གསར་འགྱུར་པུའུ་ཀྲང་གྲོས་ཚོགས་ནི་མཉམ་ལས་ཀྱི་ནང་རྐྱེན་གལ་ཆེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཕན་ཚུན་བར་གྱི་བཟོད་སྒོམ་དང་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་སྲུང་འཛིན་བྱེད་པའི་ཆེད་དུ་ཡིན་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གསར་འགྱུར་པུའུ་ཀྲང་གྲོས་ཚོགས་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་གསར་འགྱུར་པུའུ་ཀྲང་གྲོས་ཚོགས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་གྱི་གསར་འགྱུར་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་གྲངས་ལྡན་ཅན་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པ། །མི་སྣའི་བརྗེ་རེས་དང་གསོ་སྦྱོང་ལ་ཤུགས་སྣོན་པ། སྨྱན་བྱད་གྱི་སྤྱི་ཚོགས་འགན་འཁྲི་ལ་མཐོང་ཆེན་བྱེད་པ་སོགས་ཀྱི་ཐད་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་བྱུང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག