མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཚེས་བཅུ་གཉིས་ཉིན་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། དེ་ནི་ཁོ་གཉིས་ཀྱིས་ཟླ་འདིའི་ཚེས་དྲུག་ཉིན་ནོའུ་མན་ཏིས་སྐམ་སར་བུད་ནས་ལོ་ངོ་བདུན་ཅུ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་སྟེང་དུས་ཡུན་ཐུང་ངུའི་གྲོས་མོལ་བྱས་རྗེས་ཀྱི་གྲོས་མོལ་ཐེངས་གཉིས་པ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། པའོ་ལོ་ཧྲིན་ཁི་ཡིས་ཁ་པར་ལས་གྲོས་མོལ་བྱེད་སྐབས་ཕུའུ་ཅིན་ལ་ཝུའུ་ཁི་ལན་ཤར་ཕྱོགས་གནས་བབ་གྱི་མཐུན་སྦྱོར་ཇུས་གཞི་སྙན་ཞུ་བྱས་པར་མ་ཟད། ཨུ་རུ་སིའི་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས། དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་གནད་དོན་ལ་གྲོས་བསྡུར་བྱས།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་དང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་། ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་གོམ་རིམ་གལ་ཆེན་ལ་གྲོས་བསྡུར་བྱས་པར་མ་ཟད། ཕྱོགས་གཉིས་ཀྱིས་པའོ་ལོ་ཧྲིན་ཁིའི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཞི་བདེའི་འཆར་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག