མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཐིས་ཁི་ལི་ཐི་བཙན་བཟུང་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཁི་ནེ་ནེ་ཝེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མའོ་སུའུ་ཨར་གྱི་རྗེས་ནས། སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཐིས་ཁི་ལི་ཐི་གྲོང་ཁྱེར་ཡང་ཚེས་བཅུ་གཅིག་ཉིན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་བཙན་བཟུང་བྱས། རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལས་མའོ་སུའུ་ཨར་གྱི་སྡོད་དམངས་འབུམ་ལྔ་ཙམ་རང་ཁྱིམ་དང་ཁ་བྲལ་ཡོད་ཟེར། གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཐུར་ཁེའི་ཕྱི་འབྲེལ་མི་སྣ་མང་བོ་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་ཟེར།

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་མི་སྣ་ཞིག་གིས་ཚེས་བཅུ་གཅིག་ཉིན་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཕྱི་དྲོར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་བརྒྱ་ཕྲག་འགའ་ཕྱོགས་མང་བོ་ནས་རྒྱལ་ས་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་བརྒྱ་དང་བདུན་ཅུའི་མཚམས་སུ་ཡོད་པའི་ཐིས་ཁི་ལི་ཐི་གྲོང་ཁྱེར་དང་དེའི་ཤར་ལྷོའི་ཕྱོགས་སུ་ཡོད་པའི་ཅེ་ལཱ་མུའུ་ལ་ཡོང་ནས་ས་ཁུལ་དེ་བཙན་བཟུང་བྱས་ཟེར།

རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་ཉིན་དེ་སྤྱི་སྒྲོག་སྤེལ་ཏེ། མའོ་སུའུ་ཨར་བཙན་བཟུང་བྱས་རྗེས་གྲོང་ཁྱེར་དེ་དང་ཉེ་འཁོར་ས་ཁུལ་གྱི་མི་སེར་དཀྱུས་མ་འབུམ་ལྔ་ཙམ་རང་ཁྱིམ་དང་ཁ་བྲལ་ཡོད་ཟེར། རྩ་འཛུགས་དེའི་ལས་བྱེད་མི་སྣས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། མའོ་སུའུ་ཨར་གྱིས་ཚེས་ལྔ་ཉིན་ནས་བཟུང་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱས་པ་དང་། དེའི་ཁར་མེ་སྒྱོགས་ཀྱི་འཇབ་རྒོལ་དུས་ངེས་མེད་དུ་བྱུང་བའི་དབང་གིས་ས་དེའི་སྡོད་དམངས་ལ་གཞི་རྩའི་འཚོ་བའི་མཁོ་རྫས་ཐོབ་ཐབས་མེད་པ་དང་། ཁོ་ཚོས་རང་ཁྱིམ་སྐྱུར་ནས་གནས་ཡུལ་གཞན་དུ་མི་འགྲོ་ཀ་མེད་རེད་བྱུང་བ་རེད། སྤྱི་སྒྲོག་ལས་བཤད་རྒྱུར། དྲག་ཤུགས་འཁྲུག་རྩོད་ལས་ས་དེའི་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་པ་དང་། དེའི་ཞོར་དུ་ས་དེའི་སྡོད་དམངས་ཀྱི་སྨན་བཅོས་དང་འཐུང་ཆུ། ཟས་རིགས་སོགས་ལ་དཀའ་ཁག་ཆེན་པོ་བྱུང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག