མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ནས་མ་བཅོས་རྡོ་སྣུམ་གྱི་ཐོན་སྐྱེད་ཆུ་ཚད་སྲུང་འཛིན་བྱེད་རྒྱུ་ཐག་བཅད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་ཕྱེད་ནང་ཐེངས་རེར་སྤེལ་བཞིན་པའི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་ཚེས་བཅུ་གཅིག་ཉིན་ཝེ་ཡེ་ནཱའི་ཨིག་ཕའེ་ཁི་སྤྱི་ཁྱབ་པུའུ་ནས་ཚོགས། གྲོས་ཚོགས་ནས་མུ་མཐུད་དུ་མིག་སྔའི་ཉིན་རེར་མ་བཅོས་རྡོ་སྣུམ་ཟོ་བྱེ་བ་གསུམ་ཐོན་སྐྱེད་བྱེད་པའི་ཆུ་ཚད་སྲུང་འཛིན་བྱེད་རྒྱུ་ཐག་བཅད།

ཐོན་ཚད་མི་འགྱུར་བ་སྲུང་འཛིན་བྱེད་པའི་ཞོར་དུ། གྲོས་ཚོགས་ནས་དགོས་གལ་ཡོད་དུས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་གཉིས་ཀྱིས་བྱེད་ཐབས་སྤྱད་དེ་ཚོང་རའི་དོ་མཉམ་ལ་འགན་སྲུང་བྱེད་རྒྱུར་གཅིག་གྱུར་འཐད་པ་བྱུང་། ཁོངས་གཏོགས་རྒྱལ་ཁབ་དག་གིས་རྡོ་སྣུམ་ཚོང་རའི་བརྟན་འཇགས་ལ་གཏོར་བརླག་ཐེབས་སྲིད་པའི་འཕེལ་རྒྱས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས།

གྲོས་ཚོགས་ནས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཉིས་སྟོང་བཅུ་བཞི་ལོའི་ཚུན་ལ། རྡོ་སྣུམ་གྱི་རིན་གོང་ལྟོས་བཅས་ཀྱིས་བརྟན་འཇགས་ཡིན་པ་དང་། དེ་ལས་ཚོང་རའི་མཁོ་འདོན་འདང་བ་མཚོན་ཡོད། རྡོ་སྣུམ་གྱི་རིན་གོང་འཕེལ་འགྲིབ་འབྱུང་བ་ནི་གཙོ་བོ་ཚོང་རར་ས་ཁུལ་གྱི་ཆབ་སྲིད་ཛ་དྲག་གི་གནས་བབ་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཡིན་པ་རེད། འཛམ་གླིང་གི་རྡོ་སྣུམ་དགོས་མཁོ་དེ་ཚོད་དཔག་བྱས་ན་ཉིས་སྟོང་བཅུ་གསུམ་ལོའི་ཉིན་རེར་ཟོ་བྱེ་བ་དགུ་ཐོན་སྐྱེད་བྱེད་པ་ནས་ཉིས་སྟོང་བཅུ་བཞི་ལོའི་ཉིན་རེར་ཟོ་བྱེ་བ་དགུ་དང་ས་ཡ་གཅིག་འབུམ་གཅིག་ལ་ཇེ་མང་དུ་འགྲོ་སྲིད་པ་དང་། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་མིན་པའི་རྒྱལ་ཁབ་དག་གི་མཁོ་འདོན་གྱི་ཚད་ཚོད་དཔག་བྱས་ན་ཉིན་རེར་ཟོ་ས་ཡ་གཅིག་དང་འབུམ་བཞི་ཇེ་མང་དུ་འགྲོ་ངེས་རེད།

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་པཱ་ཏི་ལི་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྡོ་སྣུམ་ཚོང་ར་ཧ་ཅང་བརྟན་འཇགས་ཡིན་པ་དང་། རྡོ་སྣུམ་རིན་གོང་ཡང་ཧ་ཅང་ལུགས་མཐུན་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག