མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་དང་ཧྥ་རན་སི་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་རི་ནེ་ཝ་ནས་གསང་བའི་གྲོས་མོལ་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་རི་ནེ་ཝ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གསང་བའི་གྲོས་མོལ་བྱས་ཏེ། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གི་སྐོར་ཐེངས་གསར་བའི་གྲོས་མོལ་ལ་སྔ་མོ་ནས་གྲ་སྒྲིག་གང་ལེགས་བྱས་ནས་འགལ་བ་སོགས་ཇེ་ཉུང་དུ་གཏོང་རྒྱུ་རེད།

ཉིན་དེའི་ཉིན་གུང་། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་ལཱ་ཀི་ཞི་ཡིས་ཧྥ་རན་སིའི་གསར་དུ་འགན་ཁུར་བའི་ཉིང་རྡུལ་ནུས་པའི་གྲོས་མོལ་འཐུས་མི་ཏི་ལི་ཝེ་ཨེ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝའི་དོན་གཅོད་ཁང་དུ་ཡོད་པའི་དབྱི་ལིང་གི་འཐུས་མིའི་ཁང་ནས་གསང་བའི་གྲོས་མོལ་བྱས། སྔ་ཉིན་དབྱི་ལིང་དང་ཨ་མེ་རི་ཁས་རི་ནེ་ཝ་ནས་དུས་ཡུན་ཉིན་གཉིས་ཀྱི་གསང་བའི་གྲོས་མོལ་བྱས་ཏེ། ཟླ་འདིའི་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་ཝེ་ཡེ་ནཱ་ནས་སྤེལ་རྒྱུ་ཡིན་པའི་གྲོས་མོལ་གྱི་སྔོན་ལ་ཕྱོགས་གཉིས་ཀྱི་འགལ་བ་ཇེ་ཆུང་དུ་བཏང་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་ལ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱས།

དབྱི་ལིང་གིས་ཨ་མེ་རི་ཁ་དང་ཧྥ་རན་སིའི་བར་གྲོས་མོལ་བྱེད་པ་ལས་གཞན་ད་རུང་ཨུ་རུ་སི་དང་འཇར་མན་རྒྱལ་ཁབ་ཀྱི་འཐུས་མི་དང་ཡང་གྲོས་མོལ་བྱེད་རྒྱུ་རེད། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲོན་ཡུན་གྱིས་ཚེས་དགུ་ཉིན་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་ཕྱོགས་གཉིས་བར་གྱི་གྲོས་མོལ་སྤེལ་ན་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་གྲོས་མོལ་གྱི་འཕེལ་རིམ་ལ་ཡར་སྐུལ་གཏོང་བར་ཕན་ཐོགས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག