མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་མཱ་ལི་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅུ་གཅིག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཱ་ལི་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་མི་སྣར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཱ་ལིའི་མི་དམངས་ཀྱིས་རྒྱལ་ཁབ་ཞི་བདེ་དང་བརྟན་འཇགས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་བརྟན་འཇགས་འཐུས་ཚབ་ཚོགས་པའི་མཱ་ལིའི་བྱང་ཕྱོགས་ཀྱི་ཨ་ཀའེ་ལོ་ཁི་གྲོང་ཁྱེར་དུ་ཡོད་པའི་དགར་ས་ནས་ཉིན་དེར་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཕ་ཡུལ་ཀྲ་ཏི་ཡི་ཡིན་པའི་ཞི་བདེ་སྲུང་སྐྱོབ་མི་སྣ་བཞི་རྐྱེན་ལམ་དུ་ཤོར་བ་དང་། ཞི་བདེ་སྲུང་སྐྱོབ་མི་སྣ་དྲུག་དང་མཱ་ལིའི་དམག་མི་འགའ་ལ་རྨས་ཕོག ཕན་ཅི་ཝུན་གྱིས་ཁ་ཚིག་དྲག་པོས་རྒོལ་གཏམ་བཏང་བ་དང་། ཤི་བོའི་ཁྱིམ་མི་དང་མཱ་ལི། ཀྲ་ཏི་སྲིད་གཞུང་དང་མི་དམངས་ལ་སྙིང་ཐག་པ་ནས་འཚམས་འདྲི་བྱས་པར་མ་ཟད། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

ཕན་ཅི་ཝུན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཱ་ལིའི་མི་དམངས་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཡོངས་ཀྱི་ཞི་བདེ་དང་བརྟན་འཇགས་མངོན་འགྱུར་བྱེད་པའི་ཆོད་སེམས་འགྱུར་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག