མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་རྒྱལ་ཁབ་ཀྱིས་དབྱི་རག་གི་དྲག་ཆས་ཉེས་ཅན་གྱིས་ཐུར་ཁེའི་ཕྱི་འབྲེལ་མི་སྣ་བཅུ་ཕྲག་འགའ་དང་དེའི་ཁྱིམ་མི་བཙན་ཁྲིད་བྱས་པ་ཁས་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-12 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པར་གཏོགས་པའི་ཐལ་སྤྱོད་དྲག་ཆས་ཉེས་སྐོར་ཞིག་གིས་ཉིན་དེར་དབྱི་རག་མའོ་སུའུ་ཨར་དུ་ཡོད་པའི་ཐུར་ཁེའི་གཞུང་ཚབ་ཁང་བཙན་བཟུང་བྱས་པ་དང་། གཞུང་ཚབ་པ་དང་བཅས་པའི་ཕྱི་འབྲེལ་མི་སྣ་ཞེ་དགུ་དང་དེ་ཁག་གི་ཁྱིམ་མི་དང་སྐུ་སྲུང་བ་སོགས་བཙན་ཁྲིད་བྱས་པ་ཁས་ལེན་བྱས།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གི་དྲག་ཆས་ཉེས་ཅན་གྱིས་ཉིན་དེར་དབྱི་རག་མའོ་སུའུ་ཨར་དུ་ཡོད་པའི་ཐུར་ཁེའི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་ཏེ། གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་དང་དེའི་ཁྱིམ་མི་བཙན་ཁྲིད་བྱས་པ་དང་། དེའི་རྗེས་སུ་ཁོ་ཚོ་མའོ་སུའུ་ཨར་གྱི་ས་གནས་གཞན་ཞིག་ཏུ་བསྐྱལ་བ་རེད། མིག་སྔར་ཐུར་ཁེའི་སྲིད་གཞུང་གིས་བྱེད་ཐབས་གང་རུང་སྤྱད་དེ་ཐུར་ཁེའི་མི་སྣ་དེ་དག་བདེ་འཇགས་ངང་ཕྱིར་རྒྱལ་ནང་དུ་ལོག་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་བྱང་ཆིངས་རྩ་འཛུགས་ཀྱིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཐེངས་འདིའི་བཙན་ཁྲིད་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཏཱ་ཝུའུ་ཐི་ཨོ་ལུའུ་ཡིས་བསྟན་དོན། དབྱི་རག་སྲིད་གཞུང་གིས་བཙན་ཁྲིད་བྱས་པའི་ཐུར་ཁེའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་དང་དེའི་ཁྱིམ་མིའི་བདེ་འཇགས་ལ་འགན་ཁུར་དགོས་པ་དང་། ཐུར་ཁེ་རྒྱལ་ཁབ་ཀྱིས་རང་གི་སྤྱི་དམངས་ལ་གནོད་པ་ཐེབས་པར་ཀུ་ཡངས་གཏན་ནས་གཏོང་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག