མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་ཐའོ་ཝན་གྱིས་ཉིས་སྟོང་བཅུ་བཞི་ལོའི་མཱ་ཏའོ་ཆམ་ཕབ་ཅེས་པའི་རྒྱལ་ཁབ་མང་བོའི་དམག་དཔུང་སྦྱོང་བརྡར་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-11 16:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་ཐའོ་ཝན་གྱིས་ཚེས་བཅུ་ཉིན་རོའུ་ཁི་ལཱ་རུ་ཡོད་པའི་དམག་དོན་རྟེན་གཞི་ནས་ཉིས་སྟོང་བཅུ་བཞི་ལོའི་མཱ་ཏའོ་ཆམ་ཕབ་ཅེས་པའི་རྒྱལ་ཁབ་མང་བོའི་དམག་དཔུང་གི་སྦྱོང་བརྡར་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་སྤེལ།

བསྒྲགས་པའི་གནས་ཚུལ་ལྟར་ན། ལི་ཐའོ་ཝན་ནས་དམག་དོན་སྦྱོང་བརྡར་དུ་ཞུགས་མཁན་ལ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཨ་མེ་རི་ཁ་དང་། ལི་ཐའོ་ཝན། ལཱ་ཐའོ་ཝེ་ཡཱ། ཨེ་སོ་ནི་ཡཱ། ཏེན་མག ཧྥུན་ལན། ཕོ་ལན་བཅས་ཀྱི་དམག་མི་ཡོད་པ་དང་། དམག་མིའི་ཁ་གྲངས་སྟོང་གཉིས་དང་སུམ་བརྒྱར་བསླེབ་ཡོད་ལ། ལི་ཐའོ་ཝན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་ཚུན་གྱི་མི་གྲངས་ཆེས་མང་བའི་དམག་དོན་སྦྱོང་བརྡར་ཐེངས་ཤིག་རེད།

ལི་ཐའོ་ཝན་གྱི་དྲག་ཆས་སྟོབས་ཤུགས་ཀྱི་སི་ལིན་པའོ་ཁྱིག་སི་ཡིས་ཉིན་དེའི་དམག་དོན་བྱ་འགུལ་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་ལ་འགྲན་རྩོད་གསར་བ་བྱུང་ཡོད་པ་དང་། མཐུན་སྒྲིལ་བྱས་ན་ད་གཟོད་སྔར་ལས་སྟོབས་ལྡན་དུ་འགྱུར་སྲིད་ཟེར།

ལི་ཐའོ་ཝན་གྱི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིས་སྟོང་བཅུ་བཞི་ལོའི་མཱ་ཏའོ་ཆམ་ཕབ་ཅེས་པའི་རྒྱལ་ཁབ་མང་བོའི་དམག་དོན་འགུལ་སྐྱོད་དེ་ནི་ལི་ཐའོ་ཝན་དང་ལཱ་ཐའོ་ཝེ་ཡཱ། ཨེ་སོ་ནི་ཡཱ་བཅས་ནས་དུས་མཚུངས་སུ་སྤེལ་བ་ཡིན་ལ། ཟླ་དྲུག་པའི་ཚེས་ཉི་ཤུའི་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་དམག་དོན་འགུལ་སྐྱོད་དེར་ཞུགས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག