མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་མི་དམངས་རང་ཉིད་ཀྱིས་དཀའ་ཁག་ཁྱད་དུ་སེལ་དགོས་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-11 16:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་ཉིན་ཧྲིན་པིས་ཏི་པའོ་ནས་བསྟན་དོན། ཝུའུ་ཁི་ལན་མི་དམངས་རང་ཉིད་ཀྱིས་དཀའ་ཁག་ཁྱད་དུ་སེལ་དགོས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཕྱོགས་ཁག་སོ་སོས་གྲོས་མོལ་ལ་བརྟེན་ནས་དེང་སྐབས་ཀྱི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨུ་རུ་སི་དང་འཇར་མན། ཕོ་ལན་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཉིན་དེར་ཧྲིན་པིས་ཏི་པའོ་ནས་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་དེའི་རྗེས་སུ་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་གྱི་ཕྱོགས་ཁག་སོ་སོས་ཁྲག་བཞུར་འཁྲུག་རྩོད་དང་དྲག་ཤུགས་མཚམས་བཞག་སྟེ། ཝུའུ་ཁི་ལན་གྱི་ཕྱོགས་ཁག་སོ་སོ་ཞུགས་པའི་གྲོས་མོལ་སྤེལ་ནས། རྒྱལ་ཁབ་ཀྱི་མ་འོངས་པའི་སྒྲིག་གཞིའི་གནད་དོན་ཐད་གྲོས་མཐུན་འགོད་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་ཕྱོགས་ཁག་སོ་སོས་གྲོས་མོལ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་འགོད་དགོས་ཟེར། ཉམས་ཉེན་དེའི་འབྱུང་རྐྱེན་ནི་ཝུའུ་ཁི་ལན་ནང་ཁུལ་ནས་བྱུང་བ་ཡིན་པས། ཝུའུ་ཁི་ལན་མི་དམངས་རང་ཉིད་ཀྱིས་དཀའ་ཁག་དེ་ཐག་གཅོད་བྱེད་དགོས་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་པའོ་ལོ་ཧྲིན་ཁི་ཡིས་བཏོན་པའི་ཤར་ཕྱོགས་འཁྲུག་རྩོད་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་ཕྱེ་བའི་གྲོས་གཞི་བཏོན་པར་དགའ་བསུ་ཞུས་པ་དང་། དེ་ནི་ཝུའུ་ཁི་ལན་ཡང་དག་པའི་བགྲོད་ལམ་དུ་ཞུགས་པའི་གོམ་རིམ་དང་པོ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག