མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་བཞི་ཡིས་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་བརྟེན་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་དགོས་པ་ནན་བཤད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-11 16:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་དང་འཇར་མན། དབྱིན་ཇི། ཧི་ལན་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པས་ཚེས་བཅུ་ཉིན་སུའེ་ཏེན་ནས་གྲོས་མཐུན་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་བརྟེན་ནས་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པ་ནན་བཤད་བྱས།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་། ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་བཅས་ཚེས་དགུ་ཉིན་སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀི་ཨར་མའོ་ཤར་ལྷོའི་ཕྱོགས་ཀྱི་ཧཱ་ཕུའུ་སུང་ཏི་རུ་འབྱོར་ནས། ཡོ་རོབ་གླིང་མནའ་འབྲལེ་གྱིས་ཇི་ལྟར་བཅོས་བསྒྱུར་བྱེད་པ་སོགས་གྲོས་གཞིའི་ཐད་ནས་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཡུན་ཧྥེ་ཨར་ཐི་དང་དུས་ཡུན་ཉིན་གཉིས་ཀྱི་གྲོས་མོལ་བྱེད་མགོ་བརྩམས་པ་རེད།

ལེ་ཡུན་ཧྥེ་ཨར་ཐི་ཡིས་ཚེས་བཅུ་ཉིན་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་རིམ་བཞིན་དཔལ་འབྱོར་ཉམས་ཉེན་ལས་ཐར་བ་དང་། ད་ལྟ་ལམ་ལུགས་བཅོས་བསྒྱུར་བྱེད་པའི་གནད་དོན་ལ་འཕྲད་ཡོད་ཅིང་། ད་ལྟའི་དུས་རིམ་ནང་མ་འོངས་པའི་འགྲན་རྩོད་ལ་གྲོས་བསྡུར་བྱེད་པ་ནི་གོ་སྐབས་བཟང་བོ་ཞིག་ཡིན། ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་དུ་བཅོས་བསྒྱུར་ཇི་ལྟར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་གསར་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དེ་ནི་ཀུན་གྱིས་ལྷག་ཏུ་དོ་སྣང་བྱེད་པའི་གྲོས་གཞི་ཞིག་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག