མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་ཙུང་ལི་ཡིས་གྲོས་ཁང་གིས་རྒྱལ་ཡོངས་ཀྱི་དོགས་ཟོན་མཐོར་འདེགས་བྱེད་དགོས་པ་ཁྱབ་སྒྲོག་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-11 16:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ལི་མཱ་ལེ་ཅི་ཡིས་ཚེས་བཅུ་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། རྒྱལ་ཡོངས་ཀྱི་དོགས་ཟོན་མཐོར་འདེགས་བྱེད་དགོས་པ་ཁྱབ་སྒྲོག་བྱས་པ་དང་། ཞོར་དུ་གྲོས་ཁང་གིས་རྒྱལ་ཡོངས་ཀྱི་དོགས་ཟོན་མཐོར་འདེགས་བྱེད་པ་ཁྱབ་སྒྲོག་བྱས་ཏེ་འཇིགས་སྐུལ་རྩ་འཛུགས་ཀྱི་འཇིགས་ཉེན་སེལ་དགོས་པའི་འབོད་སྐུལ་བཏང་།

མཱ་ལེ་ཅི་ཡིས་དབྱི་རག་གི་གྲོང་ཁྱེར་ཆེན་པོ་གཉིས་པ་མའོ་སུའུ་ཨར་ཉིན་དེར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་བཙན་བཟུང་བྱས་རྗེས་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་དང་། སྟོབས་ཤུགས་ཡོད་ཚད་གཅིག་ཏུ་སྐུལ་ནས་འཇིགས་སྐུལ་རྩ་འཛུགས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། ཁོས་བསྟན་དོན། དབྱི་རག་གི་མིག་སྔའི་གནས་བབ་ལ་གཞིགས་ན་གྲོས་ཁང་གིས་རྒྱལ་ཡོངས་ཀྱི་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་དང་དམངས་ཡོངས་ལ་སྐུལ་སློང་བྱེད་པའི་དགོས་གལ་ཆེ་ཟེར།

མཱ་ལེ་ཞི་ཡིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ། ཡོ་རོབ་གླིང་མནའ་འབྲེལ། རྒྱལ་སྤྱིའི་རྩ་འཛུགས་གཞན་པ་བཅས་ཀྱིས་དབྱི་རག་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ཁྱིམ་མཚེས་རྒྱལ་ཁབ་དག་གིས་དབྱི་རག་གི་རྒྱལ་མཚམས་དོ་དམ་ནན་མོ་བྱས་ཏེ་འཇིགས་སྐུལ་ཉེས་ཅན་རྒྱལ་མཚམས་བརྒལ་ནས་དབྱི་རག་ཏུ་ཡོང་བར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན། ཁོས་ཞོར་དུ་དབྱི་རག་གི་རྒྱལ་དམངས་དམག་ལ་ཞུགས་ནས་མེས་རྒྱལ་ལ་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་བཏང་།

དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མའོ་སུའུ་ཨར་ཉིན་དེའི་སྔ་དྲོར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ས་བཙན་བཟུང་བྱས། ནེ་ནེ་ཝེ་ཞིང་ཆེན་གྱི་ཧྲིན་ཀྲང་ནོའུ་ཅེ་ཧྥེ་ཡིས་ས་དེའི་བརྙན་འཕྲིན་ཁང་ལ་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་མའོ་སུའུ་ཨར་གྲོང་ཁྱེར་དུ་བཞུར་བའི་ཏིས་ཀི་ལི་སི་གཙང་བོའི་འགྲམ་གཉིས་བདག་ཏུ་བཟུང་ཡོད་ལ། ཏིས་ཀི་ལི་སི་གཙང་བོའི་ཤར་འགྲམ་ས་ཁུལ་དབྱི་རག་གི་བདེ་འཇགས་དམག་དཔུང་གིས་ཚོད་འཛིན་བྱས་ཡོད་ཀྱང་པཱ་ཀ་ཏཱ་ནས་མངག་ཡོང་བའི་དམག་དོན་བཀོད་འདོམ་དཔོན་པོས་དམག་དཔུང་ཕྱིར་འཐེན་བྱེད་པའི་བཀའ་རྒྱ་བཏང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག