མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ཀྱི་གྲོས་མོལ་རི་ནེ་ཝ་ནས་གྲོལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-11 16:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ཀྱི་གསང་བའི་གྲོས་མོལ་ཚེས་བཅུ་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་གྲོལ། ཕྱོགས་གཉིས་ཀྱིས་ཕྱི་ཕྱོགས་ལ་ཐེངས་འདིའི་གྲོས་མོལ་གྱི་ནང་དོན་དང་མཇུག་འབྲས་ངོ་མ་ཁྱབ་སྒྲོག་བྱས་མེད།

ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པར་ཨ་མེ་རི་ཁའི་རྒྱུན་ལས་རྒྱལ་སྲིད་བློན་ཆེན་གཞོན་པ་པའོ་ཨིན་སི་ཡིས་སྣེ་ཁྲིད་ཡོད་པ་དང་། ཁོངས་མི་གཞན་པར་རྒྱལ་སྲིད་བློན་ཆེན་གཞོན་པ་ཧྲི་མན་དང་ཙུང་ཐུང་གཞོན་པ་པེད་ཏིན་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདོན་པ་སུའུ་ལེ་ཝུན་སོགས་ཡོད། དབྱི་ལིང་གི་འཐུས་ཚབ་ཚོགས་པར་ཕྱི་འབྲེལ་བློན་ཆེན་གཞོན་པ། ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་འཐུས་མི་གཞོན་པ་ཨ་ལཱ་ཀི་ཞི་ཡིས་སྣེ་ཁྲིད་བྱས་ཡོད། དེའི་སྔོན། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་སྤེལ་བའི་གྲོས་ཚོགས་མང་བོའི་སྐབས་སུ་ཕྱོགས་གཉིས་ཀྱི་གྲོས་མོལ་ཐེངས་མང་སྤེལ་མྱོང་བ་རེད།

གསང་རྒྱ་ཆེས་ཆེར་བྱེད་པའི་གནས་ཚུལ་འོག ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་རི་ནེ་ཝའི་ཝེ་ཨར་ཞོང་ཙུང་ཐུང་མགྲོན་ཁང་ནས་དུས་ཡུན་ཉིན་གཉིས་ལ་གསང་བའི་གྲོས་མོལ་བྱས། ཨ་ལཱ་ཀི་ཞི་ཡིས་གྲོས་མོལ་གྲོལ་རྗེས་རི་ནེ་ཝའི་གླིང་ཆེན་མགྲོན་ཁང་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཐེངས་འདིའི་གྲོས་མོལ་གྱི་སྣང་ཚུལ་བཟང་བ་དང་། ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་ནང་དོན་ལ་གཅིག་བསྡུས་ཀྱིས་གྲོས་བསྡུར་བྱས་ཤིང་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་སྐོར་ཐེངས་སགར་བའི་གྲོས་མོལ་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར་ཡང་། ཁོས་གྲོས་མོལ་དང་འབྲེལ་བའི་ནང་དོན་གསལ་བོར་མ་བཤད།

དབྱི་ལིང་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་གྲོས་མོལ་བྱས་པ་ལས་གཞན་ད་རུང་ཧྥ་རན་སི་དང་ཨུ་རུ་སི། འཇར་མན་བཅས་ཀྱི་འཐུས་མི་དང་གྲོས་མོལ་བྱེད་རྒྱུ་རེད། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲོན་ཡུན་གྱིས་ཚེས་དགུ་ཉིན་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་གྲོས་མོལ་བྱས་ན་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་གྲོས་མོལ་གྱི་འཕེལ་རིམ་ལ་ཡར་སྐུལ་བྱེད་པར་ཕན་ཐོགས་ཆེ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག