མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་རྒྱལ་ཁབ་ཀྱིས་དབུས་ཤར་དུ་ཉིང་རྡུལ་མེད་པ་དང་དབྱི་ལིང་གིས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཁེ་དབང་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-10 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཅུའུ་ཨར་གྱིས་ཚེས་དགུ་ཉིན་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཐུར་ཁེ་རྒྱལ་ཁབ་ཀྱིས་དབུས་ཤར་དུ་ཉིང་རྡུལ་མེད་པ་དང་དབྱི་ལིང་གིས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཁེ་དབང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཅུའུ་ཨར་དང་ལུའུ་ཧཱ་ནེ་གཉིས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་པ་དང་། ཅུའུ་ཨར་གྱིས་བཤད་རྒྱུར། ཙུང་ཐུང་ལུའུ་ཧཱ་ནེ་འཚམས་འདྲིར་ཡོང་བར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཞིང་། ཐུར་ཁེ་དང་དབྱི་ལིང་གི་འབྲེལ་བ་ལེགས་བཅོས་བྱས་ན་རྒྱལ་ཁབ་གཉིས་ལ་ཕན་པར་མ་ཟད། ས་ཁུལ་ཡོངས་དང་འཛམ་གླིང་གི་བརྟན་འཇགས་དང་འཕེལ་རྒྱས་ལའང་གལ་འགངས་ཧ་ཅང་ཆེ་ཟེར།

ཅུའུ་ཨར་གྱིས་བསྟན་དོན། ཐུར་ཁེ་རྒྱལ་ཁབ་ཀྱིས་དབུས་ཤར་དུ་ཉིང་རྡུལ་མེད་པ་དང་དབྱི་ལིང་གིས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཁེ་དབང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

ལུའུ་ཧཱ་ནེ་ཡིས་བསྟན་དོན། ཐུར་ཁེ་ནི་ས་ཁུལ་རང་གི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། ཐུར་ཁེ་དང་བཅས་པའི་ས་ཁུལ་དེའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་ནི་དབྱི་ལིང་སྲིད་གཞུང་གི་ཕྱི་འབྲེལ་གནད་དོན་གལ་ཆེན་ཞིག་ཡིན་ཟེར།

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་དགུ་ཉིན་ནས་བཟུང་ཐུར་ཁེ་ལ་རྒྱལ་དོན་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། རིག་གནས། བདེ་འཇགས་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་ཡིག་ཆ་རབ་དང་རིམ་པ་བཀོད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག