མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་ཙུང་ཐུང་གིས་ཐུར་ཁེ་རྒྱལ་ཁབ་ལ་འཚམས་འདྲི་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-10 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ལི་ཨེ་ཨར་ཏའོ་ཨན་དང་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་གཉིས་ཀྱིས་ཚེས་དགུ་ཉིན་ཨན་ཁཱ་ལཱ་ནས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བར་ཤུགས་སྣོན་བྱས་ཏེ་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཧཱ་ལུའུ་ནེ་ནི་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོའི་ཚུན་ལ་ཐུར་ཁེ་རྒྱལ་ཁབ་ཏུ་དངོས་གཞིའི་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ཐོག་མ་ཡིན་པ་དང་། ཨེ་ཨར་ཏའོ་ཨན་དང་ལུའུ་ཧཱ་ནེ་གཉིས་ཀྱིས་ཉིན་དེར་མཉམ་དུ་ཐུར་ཁེ་དང་དབྱི་ལིང་གི་མཐོ་རིམ་འཐབ་ཇུས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་དང་པོར་མགོ་འཛིན་བྱས།

ཨེ་ཨར་ཏའོ་ཨན་གྱིས་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ལུའུ་ཧཱ་ནེ་ཡི་ཐེངས་འདིའི་ཐུར་ཁེའི་འགྲུལ་བཞུད་ལ་ཕན་འབྲས་ཆེན་པོ་ཐོན་པ་དང་། གྲོས་ཚོགས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལོན་ཡོད་ཟེར། ཁོས་བཤད་རྒྱུར། ལུའུ་ཧཱ་ནེ་ན་ནིང་ཙུང་ཐུང་དུ་བདམས་པའི་ཚུན་ལ། ཐུར་ཁེ་དང་དབྱི་ལིང་གི་འབྲེལ་བའི་འཕེལ་རྒྱས་མྱུར་བ་དང་། ཐུར་ཁེ་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ཕན་ཚུན་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་ལ། ཐུར་ཁེའི་ཚོང་བ་དག་དབྱི་ལིང་དུ་སོང་ནས་མ་དངུལ་གཏོང་བར་སྤྲོ་བས་ཁེངས་ཡོད་ཟེར།

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། དབྱི་ལིང་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། རང་བྱུང་སོལ་རླངས་དང་རྡོ་སྣུམ་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བ་རྒྱ་བསྐྱེད་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱིས་དངུལ་ཁང་ཁོངས་གཏོགས་ཀྱི་གྲོས་མོལ་སྤེལ་ནས་ཕན་ཚུན་བར་གྱི་ཉོ་ཚོང་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་ཐུར་ཁེ་དང་དབྱི་ལིང་གིས་དངུལ་ཁང་ལས་རིགས་དང་། སྐྱེལ་འདྲེན། ནུས་ཁུངས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་གྲོས་མཐུན་སྣ་བཅུ་ལྷག་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག