མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་དང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-08 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཚེས་དྲུག་ཉིན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དྲག་ཤུགས་བྱ་སྤྱོད་མཚམས་བཞག་སྟེ་ཁྲག་བཞུར་འཁྲུག་རྩོད་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་།

ཕུའུ་ཅིན་གྱི་མགྲིན་ཚབ་པ་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་དང་པའོ་ལོ་ཧྲིན་ཁི་ཡིས་ཝུའུ་ཁི་ལན་ཤར་ལྷོའི་ཕྱོགས་ཀྱི་ཁྲག་བཞུར་འཁྲུག་རྩོད་གང་མགྱོགས་ཀྱིས་མཇུག་སྒྲིལ་དགོས་པ་དང་། ཕྱོགས་གཉིས་ཀྱིས་དམག་དོན་འགུལ་སྐྱོད་གང་རུང་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཧྥ་རན་སིའི་དཔོན་རིགས་ཀྱིས་བཤད་རྒྱུར། ཕུའུ་ཅིན་དང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་ཚེས་དྲུག་ཉིན་དུས་ཡུན་ཐུང་ངུའི་གྲོས་མོལ་གལ་ཆེན་སྤེལ་ཏེ། འཁྲུག་རྩོད་མཚམས་འཇོག་པ་དང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་བ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་ལ་གྲོས་བསྡུར་བྱས་ཟེར།

ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡི་ལས་རོགས་པ་ཞིག་གིས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པའི་གུང་ཚིགས་གྲོས་ཚོགས་མ་བསྡུས་གོང་། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་མགོ་འཛིན་བྱས་འོག མགོ་ཁྲིད་པ་གཉིས་ཀྱིས་སྐར་མ་བཅོ་ལྔའི་རིང་གྲོས་མོལ་བྱས་པ་རེད་ཟེར།

གྲོས་བསྡུར་བྱས་པའི་གནས་བབ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་ལ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་སོགས་འདུས་ཡོད་པ་དང་། ལས་རོགས་པ་དེས་བཤད་རྒྱུར། མགོ་ཁྲིད་པ་གཉིས་ཀྱིས་མའོ་སི་ཁི་ཡིས་པའོ་ལོ་ཧྲིན་ཁི་ཙུང་ཐུང་དུ་བདམས་པར་ཁས་ལེན་བྱེད་པ་སོགས་གནས་བབ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་ལ་གྲོས་བསྡུར་བྱས་ཟེར།

ཁོས་བཤད་རྒྱུར། ཕུའུ་ཅིན་གྱིས་ཚེས་བདུན་ཉིན་ཅི་ཧྥུའུ་རུ་ཕོ་ཉ་མངག་གཏོང་བྱེད་རྒྱུ་ཡིན་པ་དང་། མ་འོངས་པའི་ཉིན་འགའི་ནང་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱེད་ངེས་རེད་ཟེར།

དེ་ནི་པའོ་ལོ་ཧྲིན་ཁི་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་དུ་བདམས་རྗེས། ཕུའུ་ཅིན་དང་ཐོག་དང་པོར་གྲོས་མོལ་བྱས་པ་རེད། གྲོས་མོལ་མ་བྱས་གོང་། ཧྥ་རན་སིའི་ཕྱི་འབྲེལ་མི་སྣས་བཤད་རྒྱུར། གལ་ཏེ་ཕུའུ་ཅིན་དང་པའོ་ལོ་ཧྲིན་ཁི་གཉིས་ཀྱིས་གྲོས་མོལ་བྱས་ན། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཏུ་འགྱུར་ངེས་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག