མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁི་ཙུང་ཐུང་གཞོན་པ་པེད་ཏིན་ཝུའུ་ཁི་ལན་དུ་སོང་ནས་ཝུའུ་ཁི་ལན་གྱི་ཙུང་ལི་དང་གྲོས་མོལ་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-08 10:47

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་ཚེས་བདུན་ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་འབྱོར་ནས། ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོར་ཞུགས། ཁོས་ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚེ་ཉིག་ཁི་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཙུང་ཐུང་གཞོན་པས་སོ་སོར་གསར་དུ་བདམས་པའི་ཙུང་ཐུང་པའོ་ལོ་ཧྲིན་ཁི་དང་ཙུང་ལི་ཡཱ་ཚེ་ཉིག་ཁི་གཉིས་ལ་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་སྲིད་གཞུང་གི་བཅོས་བསྒྱུར་དང་དཔལ་འབྱོར་འཕེལ་རྒྱས། ཤར་ཕྱོགས་ས་ཁུལ་གྱི་ཉམས་ཉེན་གནས་བབ་ཞི་འཇགས་སུ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། ཁོས་ད་རུང་མའོ་ཨར་ཏའོ་ཝའི་ཙུང་ཐུང་ཏིས་མའོ་ཧྥུའུ་ཏིས་དང་གྲོས་མོལ་བྱས་ཏེ་ས་ཁུལ་དེའི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཚེས་བདུན་ཉིན་ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་དངོས་སུ་དམ་བཅའ་བཞག་སྟེ་ཙུང་ཐུང་གི་འགན་དངོས་སུ་ཁུར། ཁོས་ཉིན་དེའི་དམ་བཅའ་འཇོག་པའི་མཛད་སྒོའི་སྟེང་བསྟན་དོན། ཝུའུ་ཁི་ལན་གྱི་བདག་དབང་དང་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་ཁི་ལི་མུས་ཡཱ་སྔར་བཞིན་ཝུའུ་ཁི་ལན་གྱི་ཁོངས་སུ་གཏོགས་པ་དམིགས་སུ་བཀར་ནས་ནན་བཤད་བྱས། ཉིན་དེར་ཨུ་རུ་སི་ཡིས་གཞུང་ཚབ་ཆེན་མོ་མངག་ནས་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག