མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་རྒྱལ་ནང་གྲོས་མོལ་མགོ་རྩོམ་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-08 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གྲོས་ཁང་གོང་མའི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། གལ་ཏེ་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་ཤར་ལྷོའི་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཚམས་བཞག་ན། ཨུ་རུ་སི་རྒྱལ་ཁབ་ཀྱིས་དྲག་ཆས་འཁྲུག་རྩོད་ཕྱོགས་ཁག་གཞན་པས་དྲག་ཤུགས་བསྐྱུར་ནས་གྲོས་མོལ་བྱེད་པའི་འབོད་སྐུལ་གཏོང་ངེས་ཡིན་ཟེར།

མཱ་ཐི་ཝེ་ཡན་ཁི་ཡིས་ཉིན་དེར་ཨུ་རུ་སིའི་གསར་འགྱུར་ལས་རིགས་ལ་བསྟན་དོན། ཝུའུ་ཁི་ལན་ནས་གྲོས་མོལ་གྱི་མགོ་དེ་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་རྩོམ་དགོས་པ་དང་། འགས་གཏོར་དང་འཇབ་རྒོལ་དེ་འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་སུ་རློམ་པ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད། གལ་ཏེ་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་ཤར་ལྷོའི་ས་ཁུལ་གྱི་འཁྲུག་རྩོད་དང་དམག་དོན་འགུལ་སྐྱོད་མཚམས་བཞག་ན། ཨུ་རུ་སི་ཡིས་ཕྱོགས་གཞན་པས་མཚོན་ཆ་བསྐྱུར་དགོས་པའི་འབོད་སྐུལ་གཏོང་ངེས་ཡིན་ཟེར།

ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཚེས་བདུན་ཉིན་རྒྱལ་ས་ཅི་ཧྥུའུ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་ནས་ཝུའུ་ཁི་ལན་གྱི་སྐབས་གསར་བའི་ཙུང་ཐུང་དུ་གྱུར་བ་རེད། དབྱེ་ཞིབ་མི་སྣས་བསྟན་དོན། པའོ་ལོ་ཧྲིན་ཁི་ཡིས་ལས་འགན་ཁུར་རྗེས་ཝུའུ་ཁི་ལན་གྱི་བརྟན་འཇགས་དང་མཐུན་སྒྲིལ་ཇི་ལྟར་མངོན་འགྱུར་བྱེད་པ་དང་། དཔལ་འབྱོར་ཇི་ལྟར་སླར་གསོ་བྱེད་པ། ཕྱི་ཕྱོགས་འབྲེལ་བ་ཇི་ལྟར་ལེགས་སྒྲིག་བྱེད་པ་སོགས་འགྲན་རྩོད་མང་བོར་འཕྲད་སྲིད་ཟེར། པའོ་ལོ་ཧྲིན་ཁི་ཡིས་དེའི་སྔོན་ཁས་ལེན་བྱས་དོན། ཁོས་ཙུང་ཐུང་གི་འགན་ཁུར་རྗེས་ཏོན་ནེ་ཚི་ཁི་ཀྲིག་དང་ལུའུ་ཀན་སི་ཁི་ཀྲིག་ཏུ་འགྲོ་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཐོག་མར་བསྒྲུབ་དགོས་པའི་གནད་དོན་ནི་ཝུའུ་ཁི་ལན་གྱི་སྤྱི་དམངས་ལ་ཞི་བདེ་བསྐྲུན་རྒྱུ་དེ་ཡིན་ལ། ངེས་པར་དུ་ཤར་ཕྱོགས་ས་ཁུལ་གྱི་མང་ཚོགས་དང་ཐད་ཀར་གྲོས་མོལ་བྱེད་དགོས་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག