མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་བྱང་ཕྱོགས་ཀྱི་མའོ་སུའུ་ཨར་གྲོང་ཁྱེར་ནས་དྲག་ཆས་འཁྲུག་རྩོད་བྱུང་སྟེ་མི་བདུན་ཅུ་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-08 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་བར་བྱང་ཕྱོགས་ཀྱི་མའོ་སུའུ་ཨར་གྲོང་ཁྱེར་ནས་དྲག་ཆས་འཁྲུག་རྩོད་བྱུང་ནས་ཉིན་གཉིས་འགོར་བ་དང་། མིག་སྔར་བསྡོམས་པས་ཉུང་མཐར་ཡང་མི་བདུན་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ང་བདུན་ལ་རྨས་ཕོག་ཡོད་ཟེར།

འབྲེལ་ཡོད་མི་སྣས་བཤད་རྒྱུར། ཚེས་དྲུག་ཉིན་གྱི་སྔ་དྲོ་ནས་བཟུང་། དབྱི་རག་གི་བདེ་འཇགས་དམག་དཔུང་དང་དབྱི་རག་དང་ལེ་ཧྥན་ཐི་དབྱེ་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མིས་མའོ་སུའུ་ཨར་གྲོང་ཁྱེར་གྱི་ནུབ་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་བྱས། ཚེས་དྲུག་ཉིན་བསྡོམས་པས་བདེ་འཇགས་དྲག་ཆས་དམག་དཔུང་གི་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་གཉིས་ལ་རྨས་ཕོག གཞན་ད་རུང་ཉེན་རྟོག་པ་མང་བོ་བཙན་ཁྲིད་བྱས་ཡོད་ལ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་སུམ་ཅུ་བསད་ཡོད། དེ་ལས་གཞན་མི་སེར་དཀྱུས་མ་ལྔ་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་དཀྱུས་མ་བཅོ་ལྔར་རྨས་ཕོག་ཟེར།

འབྲེལ་ཡོད་མི་སྣ་དེས་བཤད་རྒྱུར། ཚེས་བདུན་ཉིན་གྱི་སྔ་དྲོར། བཙན་ཁྲིད་བྱས་པའི་ཉེན་རྟོག་པ་ཉེར་གཅིག་གི་བེམ་པོ་མའོ་སུའུ་ཨར་ནུབ་ཕྱོགས་ས་ཁུལ་ནས་རྙེད་པ་དང་། མིག་སྔར་ཕྱོགས་གཉིས་ཀྱི་དྲག་ཆས་འཁྲུག་རྩོད་སྔོན་ལྟར་སྤེལ་བཞིན་ཡོད་ལ། ཤི་རྨས་ཐེབས་པའི་མི་གྲངས་མུ་མཐུད་དུ་ཇེ་མང་དུ་འགྲོ་སྲིད་ཟེར།

མའོ་སུའུ་ཨར་གྲོང་ཁྱེར་དེ་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་བཞི་བརྒྱའི་མཚམས་སུ་ཡོད་པ་དང་། གྲོང་ཁྱེར་དེ་དང་གྲོང་ཁྱེར་དེ་ཡོད་སའི་ནེ་ནེ་ཝེ་ཞིང་ཆེན་ནི་དབྱི་རག་གི་དྲག་ཤུགས་འཇབ་རྒོལ་མང་དུ་འབྱུང་སའི་གནས་ཤིག་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག