མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་གླིང་རྒྱལ་ཁབ་སྒྲིག་འཛུགས་ཚོགས་ཆེན་གྱིས་དབྱེ་འབྱེད་གྲོས་མོལ་བརྒྱུད་མའར་ཝེ་ན་སེའི་གླིང་ཚོམ་གྱི་རྩོད་གཞི་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-07 10:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྐབས44པའི་ཨ་མེ་རི་ཁ་གླིང་རྒྱལ་ཁབ་སྒྲིག་འཛུགས་ཚོགས་ཆེན་གྱིས་སྤྱི་ཚེས5ཉིན་མའར་ཝེ་ན་སེའི་གླིང་ཚོམ་གནད་དོན་སྐོར་གྱི་གསལ་བསྒྲགས་ཞེས་པར་གྲོས་འཆམ་བྱུང་བ་དང་། ཨ་ཀེན་ཐིང་དང་དབྱིན་ཇིས་མའར་ཝེ་ན་སེའི་གླིང་ཚོམ་བདག་དབང་གནད་དོན་ཐད་ཀྱི་དབྱེ་འབྱེད་གྲོས་མོལ་གང་མགྱོགས་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

གསལ་བསྒྲགས་ནང་ད་དུང་། རྒྱལ་ཁབ་གཉིས་པོའི་བར་གྱི་རྩོད་གཞི་རྦད་དེ་ཐག་གཅོད་མ་ཐུབ་བར། ཨ་མེ་རི་ཁ་གླིང་རྒྱལ་ཁབ་སྒྲིག་འཛུགས་ཀྱིས་ཕྱིན་ཆད་སྐབས་རིམ་བྱུང་གྱི་ཚོགས་ཆེན་ཚང་མའི་ནང་གནད་དོན་དེར་རྒྱུན་མཐུད་དོ་ཁུར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཁ་ན་ཏས་གནད་དོན་དེའི་ཐད་བསམ་འཆར་བཏོན་མེད་པ་ཕུད། སྒྲིག་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་མང་ཆེ་བས་གསལ་བསྒྲགས་དེར་མོས་མཐུན་བྱས་ཡོད། གསལ་བསྒྲགས་དེར་གྲོས་འཆམ་བྱུང་རྗེས། ཨ་ཀེན་ཐིང་གི་ཕྱི་འབྲེལ་པུའུ་ཀྲང་ཆི་མོར་མན་གྱིས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་གནང་བར་ཐུགས་བརྗེ་ཆེ་ཞུས་པ་མ་ཟད། དབྱིན་ཇིའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལ་བརྩི་སྲུང་ཞུས་ཏེ་འོས་འགན་ལག་བསྟར་དང་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག